སྒྲོན་བརྙན། 详情

ཕེང་ལི་ཡོན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ན་ཉི་ལ་ཐུག་འཕྲད་གནང་བ།

500455774_03876119-20d4-40b1-9fa2-b5125c1bb790.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས12ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོའམ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཀྲུང་གོར་བཅའ་སྡོད་དམིགས་བསལ་འཐུས་མི་ཕེང་ལི་ཡོན་གྱིས་པེ་ཅིན་དུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ན་ཉི་ལ་ཐུག་འཕྲད་གནང་།

ཕེང་ལི་ཡོན་གྱིས་ཨ་ན་ཉི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་བུད་མེད་དང་བྱིས་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྔགས་བརྗོད་གནང་། ཕེང་ལི་ཡོན་གྱིས་ཀྲུང་གོའི་བུད་མེད་དང་བྱིས་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། དམིགས་བསལ་འཐུས་མིའི་འགན་འཁྲི་མུ་མཐུད་བསྒྲུབས་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། གོ་ལ་ཧྲིལ་པོའི་བུད་མེད་དང་བྱིས་པའི་སློབ་གསོའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན།

ཨ་ན་ཉི་ཡིས་ཕེང་ལི་ཡོན་གྱིས་དམིགས་བསལ་ཕོ་ཉ་བྱས་ཚུན་འཛམ་གླིང་གི་བུད་མེད་དང་བྱིས་པའི་སློབ་གསོའི་བྱ་གཞག་ཐད་བྱས་རྗེས་བཞག་པར་གདེང་འཇོག་ཚད་མཐོན་པོ་བྱས་ཏེ་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཀྲུང་གོས་མཁོ་འདོན་བྱས་པའི་རྒྱབ་སྐྱོར་རྩ་ཆེན་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱས་ཏེ་འཛམ་གླིང་གི་བུད་མེད་དང་བྱིས་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། །


热门新闻

热门图库

热门排行