གནད་བསྡུས། 详情

2026ལོའི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བརྗོད་དོན་དུ་བྱས་པའི་རིག་གནས་བྱེད་སྒོ་ཧོ་ནན་དུ་སྤེལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བརྗོད་དོན་དུ་བྱས་པའི་རིག་གནས་བྱེད་སྒོ་ཧོ་ནན་ཨན་དབྱང་དུ་སྤེལ།

ཐེངས་འདིའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་འབྱུང་ཁུངས་གཅིག་པ། སྐྱེད་ཚལ་གཅིག་པ། སྨོན་འདུན་གཅིག་པ་བཅས་ཡིན་པ་དང་། མང་ཚོགས་གཙོ་བོར་བཟུང་ནས་དམངས་སྲོལ་འཁྲབ་སྟོན་དང་རིག་གནས་ཉམས་ལེན། རྗེས་ཤུལ་སློབ་སྦྱོང་། བརྗོད་དོན་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཧོ་ནན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ལག་ལེན་དང་གྲུབ་འབྲས་གཡུར་དུ་ཟ་བ་མངོན་པར་བྱས་ཡོད།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་མགོ་ཚུགས་མཛད་སྒོའི་སྟེང་བསྟན་དོན། ཐེངས་འདིའི་བྱེད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་རྒྱུན་འཁྱོངས་བྱས་ནས། ཐུན་མོང་གི་ཕུགས་བསམ་དང་དད་མོས་ཀྱིས་སེམས་ནུས་གཅིག་སྒྲིལ་བྱས་ཏེ། རིག་གནས་ཀྱིས་སེམས་ཀྱི་རྟེན་གཞི་གསོ་སྐྱོང་དང་། རིག་གནས་ཀྱི་ནང་དོན་སྔོག་འདོན། རིག་གནས་ཀྱི་གདེང་ཚོད་སྐྱེད་སྲིང་། དཔལ་ཡོན་གྱི་དར་སྲོལ་གསོ་སྐྱོང་བཅས་བྱས་ནས། གྲངས་ཉུང་མི་རིགས་སོ་སོའི་མང་ཚོགས་ཀྱི་ཀྲུང་ཧྭའི་རིག་གནས་ཀྱི་གཏོགས་སེམས་དང་སྤོབས་སེམས་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གཞི་རིམ་ལ་ཕྱོགས་པ་དང་མང་ཚོགས་ལ་ཕྱོགས་པ་འབུར་དུ་ཐོན་ནས། མི་དམངས་མང་ཚོགས་ཀྱི་སེམས་ཀྱི་རྟེན་གཞི་མཉམ་དུ་ཕྱུག་སྒྱུར་བྱུང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་དངོས་ཡོད་དང་། སེམས་འགུལ་ཐེབས་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ། རྒྱུན་འཁྱོངས་ལྷོད་མེད་དང་ཡུན་རིང་འབད་བརྩོན་བྱས་ནས་དོན་ཐོག་ཏུ་འཁྱོལ་བ་དང་ཞིབ་ཚགས་ངང་སྒྲུབ་དགོས།

རྒྱུས་ལོན་པ་ལྟར་ན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བརྗོད་དོན་དུ་བྱས་པའི་རིག་གནས་བྱེད་སྒོ2023ལོར་གསར་གཏོད་རང་བཞིན་གྱི་སྒོ་ནས་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ས་གནས་སོ་སོའི་ལས་དོན་དངོས་དང་ཟུང་འབྲེལ་བྱེད་པ། བརྗོད་བྱ་མངོན་གསལ་ཡིན་པ་དང་། རྣམ་པ་མང་བ། རྒྱ་ཁྱབ་ཏུ་ཞུགས་པ་བཅས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།།


热门新闻

热门图库

热门排行