ཁྲེན་ཝུན་ཆིང་སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་མགོ་རྩོམ་མཛད་སྒོར་ཞུགས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་གིས་སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་སྟེང་སྲིད་ཁྲིམས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས།“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་གཏོང་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་དང་། ཡང་དག་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱས་ཏེ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་ཧུར་ཐག་སྒོས་གཏོད་དགོས་པར་བསྟན།
ཁྲེན་ཝུན་ཆིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱིས་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་དོན་ཅི་ཡིན་པ་དང་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་ཇི་ལྟར་འཛུགས་སྐྱོང་བྱ་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བརྒྱབ་ཡོད། སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གཤིས་སྦྱོང་བརྡར་དང་སློབ་སྦྱོང་ལ་ཤུགས་སྣོན། བརྟག་དཔྱད་ཞིབ་འཇུག ལག་ལེན་ནང་ཞུགས་པ་བཅས་ཀྱི་ཐད་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། ནུས་པ་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སྤྱོད་ཡོན་གཉིས་ལྡན་ཡོང་བར་བྱེད་དགོས།
ཁྲེན་ཝུན་ཆིང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཏང་ལ་མཐའ་གཅིག་ཏུ་བློ་དཀར་བ་དང་། “གྲི་ཡི་ཡུ་བ”ཏང་དང་མི་དམངས་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་པའི་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་སྤྱི་པའི་བདེ་འཇགས་དང་དྲང་གཞག་དྲང་བདེན། ཁེ་དབང་སྲུང་སྐྱོང་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱ་དགོས ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱོད་པའི་ནུས་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་བརྩི། ཁྲིམས་སྤྱོད་བཅས་ཀྱི་སྣེ་ཁྲིད་དེ། ཁྲིམས་ཡོད་ན་ངེས་པར་དུ་བརྩི་སྲུང་དང་། ཁྲིམས་བསྟར་ངེས་པར་དུ་གཟབ་ནན་དུ་གཏོང་དགོས། ཆེད་ལས་ནུས་པ་ཆེ་རུ་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་གཏོང་བ། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ལས་སྒོ་ཕུལ་དུ་བྱུང་བ་དང་ནུས་རྩལ་མཐོ་བ་བཅས་ཡོང་བར་བྱེད་དགོས། ཚན་རྩལ་བེད་སྤྱོད་ནུས་པ་ཆེ་རུ་བཏང་སྟེ། ཚན་རྩལ་ལ་ཉེན་རྟོག་སྟོབས་ཤུགས་དང་འཐབ་འཛིང་ནུས་པ་སློང་དགོས།
ཝང་ཞའོ་ཧུང་གིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས། ཀྲང་ཅུན་དང་དབྱིན་ཡུང་ཚོགས་འདུར་ཞུགས། །