གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཞུའུ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་།

2026-05-12 14:21:50 来源: 作者:པདྨ་ཚེ་རིང་། 编辑:བུ་མོ་མཆོག

ཟླ5པའི་ཚེས9ཉིན་ནས་ཚེས10ཉིན་བར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཞུའུ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁ་གཏད་རོགས་སྐྱོར་བྱ་བ་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བསམ་ཚུལ་བརྗེ་རེས་བྱས། ཞུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་སུང་ལུ་ཝེ་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་ཧྲེན་ཅུན་ཧྥེང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་གཞོན་པ། དེ་མིན་ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཏའེ་མིན་ཅེ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། སུང་ལུ་ཝེ་ཡིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཞུའུ་ཀྲོའུ་རུ་རྟོག་ཞིབ་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་ལྷོའི་སྤུས་མཐོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་བླངས་པར་ཚད་མཐོའི་གདེང་འཇོག་བྱས། ཞུའུ་ཀྲོའུ་ཡི་དཔལ་འབྱོར་སྤྱི་ཚོགས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་རྗེས། ཁོས་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་དང་ཅང་སུའུ་ཞིང་ཆེན་ཏང་ཨུས་ཞུའུ་ཀྲོའུ་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། 2010ལོ་ནས་ཞུའུ་ཀྲོའུ་དང་ཞིན་ཧེ་བར་ལ་ཁ་གཏད་རོགས་སྐྱོར་གྱི་འབྲེལ་ལམ་བཙུགས་པ་ནས་བཟུང་། ས་གནས་གཉིས་བར་མཛའ་མཐུན་གྱི་བརྩེ་བ་ཟབ་མོ་ཆགས། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་བ་མགོ་རྩོམ་པའི་ལོ་ཡིན་པས། ཞུའུ་ཀྲོའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱས་ནས། མཚོ་ལྷོ་ཁུལ་དང་མཉམ་དུ་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་དུས་སྐབས་ཀྱི་ཁ་གཏད་རོགས་བྱ་བར་འཆར་འགོད་ལེགས་པོ་བཟོས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ས་གནས་གཉིས་ཀྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཐོན་ལས་མཉམ་ལས་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་ཤུགས་ཆེན་པོས་རོགས་འདེགས་དང་། མཉམ་དུ་དམངས་ཚིས་ལེགས་བཅོས་ལ་སྐུད་འདེད་བཏང་སྟེ། ཁ་གཏད་རོགས་སྐྱོར་བྱ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བར་མཉམ་ཤུགས་འདོན་རྒྱུ་ཡིན་ཞེས་བསྟན།

ཞུང་ཡོན་ལའེ་ཡིས་ཞུའུ་ཀྲོའུ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཐེངས་འདིའི་རྟོག་ཞིབ་དམིགས་ཡུལ་དང་མཉམ་ལས་ཀྱི་དགོས་མཁོའང་ངོ་སྤྲོད་གནང་བ་རེད། ཁོས་ཐེངས་འདིར་ཞུའུ་ཀྲོའུ་རུ་རྟོག་ཞིབ་བྱས་པ་ནི་འཚམས་འདྲིར་ཡོང་བ་ཡིན་ལ། འབྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས་མཉམ་འབྲེལ་བྱེད་པའི་ཆེད་དུའང་ཡིན། ཞུའུ་ཀྲོའུ་དང་ཞིན་ཧེ་དབར་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ནས་ལོ་ངོ16འགོར་བའི་ཚུན་ལ། འབྲེལ་འདྲིས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་ཁ་གཏད་རོགས་སྐྱོར་བྱ་བར་གྲུབ་འབྲས་བཟང་བོ་བླངས་ཡོད། ས་གནས་གཉིས་ཀྱིས་མཚོ་ལྷོས་ཅི་ནུས་དང་ཞུའུ་ཀྲོའུ་ལ་གང་མཁོ། མཚོ་ལྷོ་ལ་ཅི་མཁོ་དང་ཞུས་ཀྲོའུ་ཡིས་ཅི་ནུས་ལ་དམིགས་ཏེ། འབྲེལ་མཐུད་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཁྱབ་ཁོངས་སྔར་ལས་མང་བ་དང་འབྲེལ་འདྲིས་སྔར་ལས་གཏིང་ཟབ་པའི་བྱ་བ་ལེགས་པོར་སྤེལ་རྒྱུའི་རེ་བ་ཡོད་ལ། ཞུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། དེ་མིན་ལས་རིགས་ཁག་གི་ཁེ་ལས་པ་བཅས་མཚོ་ལྷོར་རྟོག་ཞིབ་བྱེད་དུ་ཡོང་བར་ལྷག་བསམ་ཟོལ་མེད་ཀྱིས་གདན་དྲངས་པ་ཡིན། ཞིང་ཕྱུགས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ལས་སྣོན། སྒྲིག་བཀོད་ཞིང་ལས་འཛུགས་སྐྲུན། ནུས་ཁུངས་གཙང་མ་བེད་སྤྱོད་སོགས་ཀྱི་ཐད་ནས་མཉམ་ལས་ནུས་པ་སྔོག་འདོན་བྱས་ནས། མཉམ་ལས་ཀྱི་བར་སྟོང་རྒྱ་སྐྱེད་དང་མཉམ་ལས་མཉམ་ཁེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན།

ཚོགས་འདུ་ལས་ཞུའུ་ཀྲོའུ་ཡིས་ཞིན་ཧེ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཞུའུ་ཀྲོའུ་རུ་སྡོད་སྐབས་འཐུས་ཚབ་ཚོགས་པས་ད་དུང་ཞུའུ་ཀྲོའུ་འཕྲུལ་ཆས་ལྗིད་གྲས་ཚད་ཡོད་ཀུང་ཟི་དང་ཕན་ཨན་མཚོའི་རྡོ་སོལ་སྔོག་འདོན་རྡིབ་ཁུལ་གྱི་སྐྱེ་ཁམས་སླར་གསོའི་བཅོས་སྐྱོང་བཟོ་སྐྲུན། མཱ་ཀྲུང་སྡེ་བ་སོགས་ལ་དངོས་སུ་རྟོག་ཞིབ་གནང་བ་རེད།

ཞུའུ་ཀྲོའུ་གྲོང་ཁྱེར་གྱི་མགོ་ཁྲིད་ཞུའེ་ཆིང་དང་ཝང་ཧའོ། མཚོ་ལྷོ་ཁུལ་གྱི་མགོ་ཁྲིད་སུན་ཅུན་ཞཱ། ཏེང་ཧྲེང་ཕེང་། ལི་ཀུའོ་ཞུང་བཅས་རྟོག་ཞིབ་བྱེད་སྒོར་ཞུགས།


热门新闻

热门图库

热门排行