གནས་ཚུལ། 详情

ཁུལ་ཁྲལ་དོན་ལས་ཁུངས་དང་ཁེ་ལས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ནས་ཡིད་རྟོན་གྱི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན།

2026-05-12 14:19:09 来源: 作者:སྐལ་བཟང་སྐྱིད། 编辑:བུ་མོ་མཆོག

ཟླ5པའི་ཚེས11ཉིན།  མཚོ་ལྷོ་ཁུལ་ཁྲལ་དོན་ཅུའུ་ཡིས་དཔྱིད་ཀར་ཁྲལ་དོན་གླེང་། ཡིད་རྟོན་སྣེ་ཁྲིད་བྱ་ཞེས་པའི་ཁྲལ་དོན་ལས་ཁུངས་དང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། དམངས་ལ་སྟབས་བདེ་བའི་ཁྲལ་དོན་བྱ་བའི་དཔྱིད་རླུང་འགུལ་སྐྱོད་ལ་བརྟེན་ཏེ་ཁྲལ་འཇལ་བའི་ཡིད་རྟོན་མ་ལག་འཛུགས་སྐྲུན་ཟབ་སྤེལ་དང་ཁ་དན་ཚིགས་གནས་ཀྱིས་ཁྲལ་འཇལ་བའི་དཔེ་བཟང་ཁེ་ལས་ལ་གཟེངས་བསྟོད་གནང་བར་མ་ཟད།  ཡུལ་དངོས་སུ་ཁྲལ་དོན་སྲིད་ཇུས་སྒྲོག་འགྲེལ་དང་ཡིད་རྟོན་གྱི་ཉེན་ཁའི་གཙོ་གནད་ལེགས་སྒྲིག་བྱས་ཏེ།  རྒྱ་ཆེའི་ཁེ་ལས་ཀྱིས་ཁྲིམས་ལྟར་ཁྲལ་འཇལ་བ་དང་ལུགས་མཐུན་གྱིས་ཚོང་གཉེར་བར་ཁྲིད་སྟོན་བྱས་ནས་ཁུལ་ཡོངས་ཀྱི་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་བསྟུད་མར་ལེགས་བཅོས་བྱས།

གཞུང་དངོས།བཞུགས་མོལ་ཚོགས་འདུའི་སྟེང་ཁུལ་ཁྲལ་དོན་སྡེ་ཁག་གིས་ཁུལ་ཡོངས་ཀྱི་བསྟུད་མར་ལོ་ལྔའི་རིང་དང་ཡང་ན་དེའི་ཡན་གྱིAརིམ་པའི་ཁྲལ་འཇལ་ཡིད་རྟོན་གྱི་ཕུལ་བྱུང་ཁེ་ལས་དག་ལ་གཅིག་བསྡུས་སྒོས་གཟེངས་བསྟོད་དང་གཟི་བརྗིད་དཔང་ཡིག་གནང་ཞིང་།  བྱ་འགུལ་ཡུལ་དངོས་སུ་ཁྲལ་དོན་ལས་ཁུངས་དང་ཁེ་ལས་ཀྱི་འཐུས་མི།  ཁྲལ་དོན་དང་འབྲེལ་བའི་ཞབས་ཞུའི་ལས་ཁུངས་ཀྱི་འགན་འཁུར་བ་བཅས་ཀྱིས་བསམ་ཚུལ་བརྗེ་རེས་བྱས་ཤིང་།  ཚོགས་འདུར་ཡིད་རྟོན་རིམ་པ་ཇེ་དམའ་རུ་སོང་བའི་ཁེ་ལས་ཀྱི་འཐུས་མི་གདན་དྲངས་ནས་ཡུལ་དངོས་སུ་མྱོང་ཚོར་མཉམ་སྤྱོད་བྱས་ཏེ།  ཡིད་རྟོན་གྱི་སྐར་མ་འཐེན་པ་དང་རིམ་པ་མར་ཆག་པའི་རྒྱུ་རྐྱེན་རིགས་སྣ་ཚོགས་ལ་སྤྱི་བསྡོམས་བྱས་ནས།  དཔེ་བརྗོད་དངོས་ལས་ལུགས་མཐུན་གྱིས་ཚོང་གཉེར་བར་ཁོར་ཡུག་བཟང་བོ་བསྐྲུན།

མཚོ་སྔོན་གུང་ཧོའི་ཞིང་སྡེའི་ཚོང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་དངུལ་ཁང་གི་མགོ་གཙོའི་ལག་རོགས་པ་ལྷ་མོ་ཚེ་རིང་གིས་བཤད་རྒྱུར། ཐེངས་འདིའི་ཁྲལ་དོན་ལས་ཁུངས་དང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་ལས་ངེད་དངུལ་ཁང་གི་ཁྲིམས་ལྟར་ཁྲལ་འཇལ་བ་དང་ལུགས་མཐུན་ངང་བདག་གཉེར་བྱེད་པའི་ངོས་འཛིན་ཇེ་ཟབ་ཏུ་བཏང་ཞིང་། རྗེས་ཕྱོགས་ངེད་དངུལ་ཁང་གིས་ཁྲལ་འཇལ་བཅའ་ཁྲིམས་ཀྱི་ཚད་གཞི་བརྟན་སྲུང་དང་ཁྲལ་འབྲེལ་བྱ་བ་ཚད་ལྡན། ཁྲལ་བསྡུ་སྲིད་ཇུས་ལག་བསྟར་བཅས་བྱས་ཏེ། རྫོང་ཁོངས་ཀྱི་དངུལ་རྩའི་ལས་འགན་ལ་གཞིགས་ནས། ཁེ་ལས་ཆུང་ངུ་དང་རོང་འབྲོག་པར་གནད་འཁེལ་གྱིས་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་མ་ཟད། ཞིང་ལས་ཚོང་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གུང་ཧོ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ཚད་མཐོའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་ཟེར།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲལ་དོན་ཅུའུ་ཐོབ་ཁྲལ་ཁའོ་ཡི་ཁའོ་ཀྲང་གཞོན་པ་ཝང་ཙི་རུན་གྱིས་བཤད་རྒྱུར། ཐེངས་འདིའི་ཁྲལ་དོན་ལས་ཁུངས་དང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བརྒྱུད་ནས། རང་ཁུལ་གྱི་ཁེ་ལས་ཀྱིས་ཉེ་འཁོར་གྱི་གྱོད་དཔེའི་ཁྲོད་དུ་བསླབ་བྱ་དང་ལེན་བྱེད་པར་ཁྲིད་སྟོན་བྱས་པ་མ་ཟད། ཕུལ་བྱུང་ཁེ་ལས་ཀྱི་ཉམས་མྱོང་ལེགས་པོ་ཁྱབ་གདལ་དུ་བཏང་སྟེ། ཁེ་ལས་ཀྱི་ཡིད་རྟོན་ལ་གནོད་པ་མི་ཐེབས་པར་རོགས་རམ་བྱས་པ་དང་། ཁེ་ལས་ནང་ཁུལ་དུ་སྔོན་འགོག་ཚོད་འཛིན་ལམ་ལུགས་འཛུགས་པར་སྐུལ་འདེད་བྱས་པས།ཁེ་ལས་ཀྱིས་ལུགས་མཐུན་ངང་བདག་གཉེར་བྱེད་པར་རམ་འདེགས་བྱས་ཡོད་ཟེར།


热门新闻

热门图库

热门排行