ཞིན་ཁྲང་ཞིང་དང་ལིའུ་ཞའོ་ཐའོ་ཡིས་རང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།
རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས9ཉིན། ཅང་སུའུ་ཞིང་ཆེན་གྱི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲེང་ཀྲང་ལིའུ་ཞའོ་ཐའོ་ཡིས་ནན་ཅིང་དུ་རང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་དང་མཇལ་འཕྲད་གནང་བ་རེད།
ཞིན་ཁྲང་ཞིང་དང་ལིའུ་ཞའོ་ཐའོ་ཡིས་ཞིང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་སླེབས་པར་དགའ་བསུ་ཞུས་པ་རེད། ཞིན་ཁྲང་ཞིང་གིས་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཅང་སུའུ་ལ་སྤྲདཔའི་གཟི་བརྗིད་ཀྱི་ལས་འགན་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནང་སྐྱེད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཚིས་འགན་ལེན་ལེགས་བསྒྱུར་བྱ་རྒྱུ་དེ་གཙོར་བཟུང་ནས། ས་གནས་གཉིས་ཀྱི་དགེ་མཚན་ལྡན་པའི་ཐོན་ཁུངས་དམིགས་ཏེ། ཐོན་ལས་མཉམ་འབྲེལ་གྱི་ཁྱབ་ཁོངས་མུ་མཐུད་རྒྱ་བསྐྱེད་པ། སློབ་གསོ་དང་སྨན་བཅོས་སོགས་ཀྱི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་གྱི་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རིགས་སོ་སོའི་མི་རིགས་བར་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་གཏིབ་ཟབ་བྱས་ནས།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་ཁ་གཏད་རོགས་སྐྱོར་བྱ་བར་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་ཤུགས་རྒྱག་དགོས་ཞེས་བསྟན།
མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཅང་སུའུ་ཡིས་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་ལྷོ་ཁུལ་གྱི་བྱ་གཞག་སོ་སོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཧུར་ཐག་བྱས་ནས། ཅང་སུའུ་དང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཉམ་འབྲེལ་གྱི་ལེའུ་གསར་པ་མུ་མཐུད་རྩོམ་ཆེད་སྟོབས་ཤུགས་སྔར་བས་ཆེན་པོ་འབུལ་དགོས་ཞེས་བསྟན་པ་རེད།
ཅང་སུ་ཞིང་ཆེན་གྱི་མགོ་ཁྲིད་ཁྲུའུ་ཡུང་ཧུང་དང་ཧྲེན་ཅན་རུང་མཇལ་འཕྲད་ནང་ཞུགས་པ་རེད། །