གཙོ་གནད།2 详情

མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་དབྱང་ཀྲོའུ་གྲོང་ཁྱེར་དུ་སློབ་སྦྱོང་རྟོག་ཞིབ་བྱས་པ།

ཟླ5པའི་ཚེས7ཉིན་ནས་ཚེས8ཉིན། མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་དབྱང་ཀྲོའུ་གྲོང་ཁྱེར་དུ་སློབ་སྦྱོང་རྟོག་ཞིབ་བྱས། ཚེས7ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་འཁོར་དང་བཅས་པ་དབྱང་ཀྲོའུ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་ཀྲེང་ཧའེ་ཐུའོ་ལ་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་ཀྱིས་ཁ་གཏད་མཉམ་ལས་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཐད་བསམ་ཚུལ་བརྗེ་རེས་བྱས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་སྟེ། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ། དེ་མིན་ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཏའེ་མིན་ཅེ་དང་དབྱང་ཀྲོའུ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་དྲུང་ཡིག་ཆེན་མོ་ཅའོ་ཆིང་པིའོ་བྱ་འགུལ་ལ་ཞུགས་པ་རེད།

ཞུང་ཡོན་ལའེ་ཡིས་དབྱང་ཀྲོའུ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཡང་ངོ་སྤྲོད་གནང་བ་རེད། ཁོས་ཐེངས་འདིར་དབྱང་ཀྲོའུ་གྲོང་ཁྱེར་དུ་སློབ་སྦྱོང་དང་རྟོག་ཞིབ་བྱས་པ་ནི་མཛའ་མཐུན་ཇེ་ཟབ་དང་མཉམ་ལས་གཏིང་ཟབ་གཏོང་བའི་གོ་སྐབས་བཟང་བོ་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་གོ་སྐབས་གསར་པ་དེ་སྔར་ལས་དམ་འཛིན་སྒོས་ནུས་པ་གསར་པ་སྔོག་འདོན་དང་ནུས་རྒྱུ་གཙང་མའི་ཐོན་ལས་མཉམ་ལས། ས་མཐོའི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས། ལྗང་མདོག་རྩིས་ཤུགས་ཀྱི་འཆར་འགོད། རིག་གནས་ཡུལ་སྐོར་གྱི་ནུས་སྩོལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། མཉམ་འབྲེལ་གྱི་ཁྱབ་ཚད་དང་ཟབ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་དང་། དབྱང་ཀྲོའུ་གྲོང་ཁྱེར་གྱི་ཁེ་ལས་དང་ཤེས་ལྡན་མི་སྣ་མང་པོ་མཚོ་ལྷོ་ཁུལ་དུ་གདན་ཞུ་གནང་སྟེ། ཕྱོགས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་ནས། ཁ་གཏད་རོགས་སྐྱོར་གྱི་བྱ་བ་ཚད་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་རྒྱ་ཆེའི་མང་ཚོགས་ལ་ཕན་བདེ་གང་ལེགས་བསྐྲུན་དགོས་པ་བསྟན།

ཀྲེང་ཧའེ་ཐུའོ་ཡིས་དབྱང་ཀྲོའུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཕེབས་པར་དགའ་བསུ་དང་། མཚོ་ལྷོ་ཁུལ་གྱི་སྤུས་མཐོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས། ཁོས་མིག་སྔར་དབྱང་ཀྲོའུ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཡི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་སྤེལ་བཞིན་པའི་སྒང་ཡིན་ལ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཁར་གྲོང་གྲགས་ཅན་གསུམ་འཛུགས་སྐྲུན་བྱས་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་མགོ་ཡག་པོ་ཞིག་རྩོམ་པར་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད། ཤར་ནུབ་རྒྱུད་མཉམ་འབྲེལ་གྱི་བྱ་གཞག་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། དབྱང་ཀྲོའུ་གྲོང་ཁྱེར་གྱིས་མཚོ་ལྷོ་ཁུལ་དང་མཉམ་དུ་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་མཉམ་ལས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ནུས་ཁུངས་གཙང་མ། དེང་རབས་ཞིང་ལས། གྲངས་འཛིན་དཔལ་འབྱོར། རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕྱོགས་གཉིས་ཀས་ལག་གདང་མཉམ་སྦྲེལ་སྒོས་མཉམ་ཁེ་མཉམ་རྒྱལ་གྱི་ཁ་གཏད་རོགས་སྐྱོར་གྱི་རྣམ་པ་གསར་བ་རྩོམ་པར་འབད་པ་བྱ་རྒྱུ་ཡིན་ཞེས་བསྟན།

དབྱང་ཀྲོའུ་རུ་སློབ་སྦྱོང་རྟོག་ཞིབ་བྱེད་པའི་སྐབས་སུ། མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ད་དུང་ཆིན་ཡིའུ་དམིགས་བསལ་ལྕགས་རིགས་རྒྱུ་ཆ་ཚད་ཡོད་ཀུང་ཟི་རུ་ཁེ་ལས་ཀྱི་རིག་སྒྱུར་གྲངས་སྒྱུར་དྲ་སྦྲེལ་དང་ཞིབ་ཚགས་ཅན་གྱི་དོ་དམ་སོགས་ཀྱི་བྱ་བར་ཡུལ་དངོས་སུ་རྟོག་ཞིབ་གནང་།

མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་སུན་ཅུན་ཞཱ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཏེང་ཧྲེང་ཕེང་། ཁུལ་དཔོན་གཞོན་པ་ལི་ཀུའོ་ཞུང་།  དབྱང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཕན་ཞུའེ་ཡོན། གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལུའུ་ཨན་ཡཱ་བཅས་རྟོག་ཞིབ་ལ་ཞུགས།


热门新闻

热门图库

热门排行