ཨུ་རུ་སུ་དང་ཝུའུ་ཁི་ལན་གྱིས་ཕན་ཚུན་གྱི་དམག་མཚམས་འཇོག་པར་གཏོར་བརླག་བཏང་བར་སྐྱོན་བརྗོད་བྱས།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས་དགུ་ཉིན་བསྟན་དོན། ཚེས་བརྒྱད་ཉིན་གྱི་ནམ་གུང་གི་ཆུ་ཚོད་བཅུ་གཉིས་སྟེང་དམག་འཁྲུག་མཚམས་བཞག་པའི་ཚུན་ལ། ཝུའུ་ཁི་ལན་དམག་དཔུང་གི་མི་མེད་གནམ་གྲུའི་རྡུང་རྡེག་དང་ས་ངོས་ཀྱི་ཚུར་རྒོལ་སོགས་དམག་འཁྲུག་མཚམས་འཇོག་པའི་འགུལ་སྐྱོད་དང་ཐེངས་མང་འགལ་བའི་གནས་ཚུལ་ཐོ་འགོད་བྱས་ཡོད། ཨ་རིའི་ཕྱོགས་ཀྱིས་ཨུ་རུ་སུ་དང་ཝུའུ་ཁི་ལན་བར་གྱི་དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་ནུར་འགྱངས་བྱ་རྒྱུའི་རེ་བ་ཡོད་པའི་བཤད་ཚུལ་ལ་དམིགས་ཏེ། ཨུ་རུ་སུའི་སྲིད་འཛིན་གྱི་ལག་རོགས་ཝུའུ་ཧྲ་ཁོ་ཧྥུའུ་ཡིས་ཚེས9ཉིན་དེར་དངོས་ཡོད་ཀྱི་རྨང་གཞི་མེད་ཅེས་ཕྱིར་ལན་སློག
ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གིས་ཚེས9ཉིན་བསྟན་དོན། ཉིན་དེའི་ཐོ་རེངས་ནས་བཟུང་། ཨུ་རུ་སུའི་དམག་དཔུང་གིས་ཕར་རྒོལ་ཐེངས་བཅུ་བསླངས་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་མཐའ་མཚམས་ས་ཁུལ་ལ་མུ་མཐུད་དུ་མེ་སྒྱོགས་འཕངས་པ་མ་ཟད། ས་ཁུལ་ཁག་ཅིག་ཏུ་འཕྲལ་རྒོལ་འགུལ་སྐྱོད་སྤེལ་ནས་ཝུའུ་ཁི་ལན་དམག་དཔུང་གི་འགོག་སྲུང་གཏོར་རྩིས་བྱས་ཟེར།