གནད་བསྡུས། 详情

དུས་ཚིགས་དང་པོར་རང་ཁུལ་གྱི་ལས་ཞུགས་བྱ་བར་གྲུབ་འབྲས་མངོན་གསལ་བླངས་པ།

2026-05-11 10:29:26 来源: 作者:བུ་མོ་མཆོག 编辑:བུ་མོ་མཆོག

རང་ཚགས་པར་གྱི་འཕྲིན། ད་ལོའི་དུས་ཚིགས་དང་པོར། ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། བྱེད་ཐབས་གསར་གཏོད་དང་གནད་འཁེལ་ཤུགས་འདོན་བྱས་པས། ལས་ཞུགས་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།     སྡོམ་རྩིས་ལྟར་ན། དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་མཁར་གྲོང་དུ་མི905གསར་དུ་ལས་ཞུགས་བྱས་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི1.9ལྷག་ལས་ཞུགས་བྱས་པ་དང་། སློབ་མཐར་ཕྱིན་པའི་སློབ་མར་རོགས་སྐྱོར་བྱས་ཏེ་ལས་ཞུགས་ཐུབ་ཚད95.37%ཟིན་ཡོད།

མི་དང་ལས་གནས་སྦྲེལ་མཐུད་ཀྱི་རྨང་གཞི་བརྟན་པོ་གཏོང་ཆེད། ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་མཁར་གྲོང་གི་ངལ་རྩོལ་པ་དང་མཐོ་རིམ་སློབ་ཆེན་གྱི་སློབ་མ8619ཡི་ལས་ཞུགས་ཀྱི་འདུན་པ་ཕྱོགས་ཡོངས་ནས་བསྡུ་ལེན་བྱས་ཤིང་། ཞིང་ཆེན་ཕྱི་ནང་གི་ཁེ་ལས261ལ་སྦྲེལ་མཐུད་བྱས་ཏེ། ལས་མི་བཀོལ་བའི་ལས་གནས6241འཚོལ་བསྡུ་བྱས་པ་དང་། ངལ་རྩོལ་པའི་ཐོན་ཁུངས་དང་ལས་ཞུགས་ལས་གནས་ཀྱི་དགོས་མཁོའི་རྩིས་ཐོ་གཉིས་བཟོས་ཡོད་པ་རེད། དེ་དང་ཆབས་ཅིག སྡེ་ཁག་མང་པོ་དང་མཉམ་འབྲེལ་གྱིས་ཁེ་ལས160ལ་ལས་གནས་བརྟན་སྲུང་དང་རྒྱ་བསྐྱེད་སྐོར་གྱི་རྟོག་ཞིབ་བྱས་ཏེ། སྲིད་ཇུས་ཀྱི་དྲིལ་སྒྲོག་མི་འདིང་བ་དང་ཤེས་ལྡན་མི་སྣ་དཀོན་པ་སོགས་ཀྱི་གནད་དོན་གཙོ་བོ་རིགས་7ཕྱོགས་སྡོམ་བྱས་ཏེ། དམིགས་གཏད་རང་བཞིན་གྱི་གྲོས་མགོ6བཏོན་པ་དེས་གནད་འཁེལ་སྲིད་ཇུས་ལག་བསྟར་བྱེད་པར་འདེགས་སྐྱོར་གལ་ཆེན་བྱས་ཡོད།

ཆེད་དུ་བརྗོད་རིན་ཡོད་པ་ཞིག་ནི། ད་ལོའི་དུས་ཆེན་གྱི་སྔོན་དུ། རང་ཁུལ་གྱིས་གསར་གཏོད་ཀྱི་སྒོ་ནས་ཕྱི་གསལ་ནང་གསལ་གྱིས་ལས་ཞུགས་ལ་སྐུལ་བའི་ཆེད་དོན་བྱ་འགུལ་སྤེལ་ཏེ། དབུལ་ཐར་ངལ་རྩོལ་པ་རྩ་འཛུགས་བྱས་ཏེ་ཤེལ་སྒོ་ཕྱི་བའི་ལག་རྩལ་གྱི་གསོ་སྦྱོང་སྤེལ་བ་དང་། ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི22.08ལྷག་འཕར་ནས། མང་ཚོགས་རྣམས་མྱུར་མགྱོགས་ཀྱིས་ཡོང་འབབ་འཕར་བའི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་པ་རེད།

རང་ཁུལ་གྱིས་གནས་བཞིའི་ཐོན་ལས་ཀྱི་འཕེལ་རྒྱས་དགོས་མཁོ་ལ་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དྲ་སྦྲེལ་ཚོང་གཉེར་པ་དང་། གློག་རྡུལ་ཚོང་དོན་པ་སོགས་ལས་རིགས25ཡི་གསོ་སྦྱོང་སློབ་ཁྲིད་བཀོད་སྒྲིག་བྱས་པ་དང་།དཔྱིད་རླུང་བྱ་འགུལ་ཏེ་ལས་ཞུགས་རོགས་སྐྱོར་དུས་ཚིགས་ཞེས་པའི་རྒྱ་ལོ་བཅོ་ལྔའི་ཆེད་དོན་ལས་བསྡུའི་ཚོགས་འདུ་དང་། མི་ཤུགས་ཐོན་ཁུངས་ཅུའུ་ཡི་ཅུའུ་ཀྲང་སློབ་གྲྭར་བསྐྱོད་པ་སོགས་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱ་འགུལ་སྤེལ་བ་བརྒྱུད། མི་དང་ལས་གནས་གནད་འཁེལ་སྒོས་སྦྲེལ་མཐུད་བྱེད་པར་ཕན་ནུས་ལྡན་པའི་སྐུལ་འདེད་བཏང་ཡོད།

དེ་བཞིན་དུ། རང་ཁུལ་གྱིས་མུ་མཐུད་དུ་ལས་ཞུགས་དང་ངལ་རྩོལ་ནུས་ཤུགས་ཀྱི་ཆེད་འགན་དོ་དམ་པ་མངགས་པའི་ལམ་ལུགས་སྐུལ་འདེད་བཏང་ནས། དུས་ཚིགས་དང་པོར་ཆེད་འགན་དོ་དམ་པའི་ལས་བསྡུའི་མིང་ཐོ་འགོད་མཁན་མི560ཡོད་པ་དང་། ལོ་ཧྲིལ་པོར་ཆེད་འགན་དོ་དམ་པ210བདམས་མངགས་བྱ་རྒྱུ་དང་ལས་གཞིའི་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི300ཡན་གྱི་ལས་གཞི300ཡི་ནང་ཞུགས་རྒྱུའི་འཆར་གཞི་ཡོད་པ་དང་། དེས་མཚོ་ལྷོ་ཁུལ་གྱི་ཐོ་ཁོངས་སུ་ཡོད་པའི་ཞིང་པ་ལས་མི་ཁྲི3.5ཡི་ལས་ཞུགས་ལ་སྣེ་ཁྲིད་ཐུབ་པ་སྔོན་དཔག་བྱེད་བཞིན་ཡོད།།


热门新闻

热门图库

热门排行