ཐེ་གོའི་ཙུང་ལི་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་སུ་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་དང་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན།
ཐེ་གོའི་ཙུང་ལི་ཨ་ནོའུ་ཐིན་གྱིས་ཚེས7ཉིན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཁོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྩེ་ཚོགས་སྐབས48པའི་སྐབས་སུ་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་དང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྐྱར་བསྒྲགས་བྱས་དོན། ཐེ་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་ཐེ་གོའི་བདག་དབང་དང་ཐེ་གོའི་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་ཐོག་མའི་ཆ་རྐྱེན་ཡིན་ཟེར།
ཨ་ནོའུ་ཐིན་གྱིས་ཉིན་དེར་འཐུས་ཚབ་ཚོགས་པ་ཁྲིད་དེ་ཧྥེ་ལེ་པེན་དུ་སོང་བ་དང་། གཟའ་འཁོར་འདིར་སྤེལ་རྒྱུ་ཡིན་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་ཞེ་བརྒྱད་པར་ཞུགས་རྒྱུ་རེད། གསར་འགོད་པས་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་དང་གྲོས་མོལ་བྱེད་མིན་འདྲི་སྐབས་ཨ་ནོའུ་ཐིན་གྱིས་བསྟན་དོན། གྲོས་མོལ་བྱེད་ཁོ་ཐག་ཡིན་ཡང་། ཕྱོགས་གཉིས་ཀྱི་གྲོས་མོལ་མིན་ཡང་སྲིད། ཧྥེ་ལེ་པེན་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཆ་ནས། ཚན་ཆུང་གི་གྲོས་བསྡུར་བཀོད་སྒྲིག་བྱེད་ཟེར། ཁོས་ད་རུང་བསྟན་དོན། གྲོས་བསྡུར་གང་ཡིན་ཡང་ངེས་པར་དུ་ཐེ་གོ་ལ་ཕན་ཐོགས་ཡོད་དགོས་པ་དང་། ཐེ་གོའི་བདག་དབང་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།