སྒྲོན་བརྙན། 详情

ལི་ཆང་གིས་ཝུའུ་ཙི་པིའེ་ཁོ་སི་ཐན་གྱི་ཙུང་ལིར་ཐུག་འཕྲད་གནང་བ།

500452375_ace5ee43-370d-42f2-94c8-6cf5d1e5d267.jpg

ཟླ5པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཝུའུ་ཙི་པིའེ་ཁོ་སི་ཐན་གྱི་ཙུང་ལི་ཨ་ལིས་པོ་ཧྥུའུ་དང་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཝུའུ་ཙི་པིའེ་ཁོ་སི་ཐན་གྱི་ཙུང་ལི་ཨ་ལིས་པོ་ཧྥུའུ་དང་ཐུག་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཝུའུ་ཙི་པིའེ་ཁོ་སི་ཐན་བར་མཐོ་རིམ་འགྲོ་འོང་དམ་ཟབ་སྲུང་འཛིན་བྱས་པས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན། མིག་སྔའི་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་ཟང་ཟིང་ཆེ་བ་དང་། ཀྲུང་གོ་དང་ཝུའུ་ཙི་པིའེ་ཁོ་སི་ཐན་ནི་དུས་ཀུན་ཅན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ཆ་ནས། སྔར་ལས་ལྷག་པར་མཐུན་སྒྲིལ་དང་རོགས་ལས་དམ་ཟབ་ཏུ་གཏོང་འོས། ཀྲུང་གོས་ཝུའུ་ཙི་པིའེ་ཁོ་སི་ཐན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་བརྩི་སྲུང་བྱེད་པ་དེ་འཐབ་ཇུས་ཀྱི་སྣེ་ཁྲིད་དུ་བཟུང་ནས། ཆབ་སྲིད་ཀྱི་ཡིད་རྟོན་སྲ་བརྟན་དང་ཕན་ཚུན་རྒྱབ་སྐྱོར་མཐའ་ཁྱངོས་བྱས་ཏེ། ཕྱོངས་ཡོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ཝུའུ་ཙི་པིའེ་ཁོ་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་སྔར་ལས་མང་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་ལ་སྒུལ་ནུས་བསྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པིའེ་ཁོ་སི་ཐན་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་ཐོན་ཁུངས་དང་ཕན་ཚུན་སྦྲེལ་མཐུད། གྲངས་འཛིན་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དེ་བས་མང་པོ་བཏོད་དེ། ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན། ཝུའུ་ཙི་པིའེ་ཁོ་སི་ཐན་བར་གྱི་ལྕགས་ལམ་གྱི་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་མཉམ་ལས་ཕན་འབྲས་མཐོར་འདེགས་སུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པིའེ་ཁོ་སི་ཐན་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་དེ་བས་མང་པོ་ནང་འདྲེན་བྱས་ཏེ། སྟོབས་ཤུགས་ལྡན་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ཝུའུ་ཙི་པིའེ་ཁོ་སི་ཐན་དུ་མ་འཇོག་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་འདོད་ཡོད་ལ། ཝུའུ་ཙི་པིའེ་ཁོ་སི་ཐན་ཕྱོགས་ཀྱིས་ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱ་རྒྱུའི་རེ་བ་ཡོད།ཕྱོགས་གཉིས་ཀྱིས་ཕན་ཚུན་ཐོངས་མཆན་སྤྲོད་མི་དགོས་པའི་སྲིད་ཇུས་སྔར་བས་ཡག་པོ་སྤྱད་དེ། ཐད་གཏོང་གནམ་གྲུ་དེ་བས་མང་པོ་ཤར་གཏོང་བྱས་ནས། རིག་གནས་དང་ཡུལ་སྐོར། སློབ་གསོ། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་ཀྱི་མངས་ཚོགས་ཀྱི་འབྲེལ་འདྲེས་དང་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཝུའུ་ཙི་པིའེ་ཁོ་སི་ཐན་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གྱི་མཉམ་ལས་དམ་ཟབ་བྱས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ཇེ་ལེགས་དང་ཇེ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་དོན་འཁྱོལ་ཧུར་ཐག་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཨ་ལིས་པོ་ཧྥུའུ་ཡིས་བསྟན་དོན། ཝུའུ་ཙི་པིའེ་ཁོ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་སྒོས་ཞུགས་པ་དང་། དཔལ་འབྱོར་ཉོ་ཚོང་དང་། མི་ཚུལ་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་རམ་འདེགས་ལ་ཤུགས་བསྣན་ནས། ཝུའུ་ཙི་པིའེ་ཁོ་སི་ཐན་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས།  །


热门新闻

热门图库

热门排行