ཏང་འཛུགས། 详情

ཐུན་ཏེ་རྫོང་ཁོ་རྒན་སྡེ་བའི་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་བྱས།

2026-05-08 14:26:01 来源: 作者:དཔའ་མོ་མཚོ། 编辑:བུ་མོ་མཆོག

ད་ལོའི་ཚུན་ལ།ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་ཁོ་རྒན་སྡེ་བས་ཏང་འཛུགས་ཁྲིད་སྟོན་དུ་བཟུང་སྟེ།ཆེད་དོན་བྱ་བའི་ཚན་ཁག་དགུ་བཙུགས་ནས།སྣ་མང་མཉམ་བཅོས་བྱེད་པའི་གྲོང་གསེབ་དར་སྤེལ་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད་པ་རེད།

ཁོ་རྒན་སྡེ་བ་ནི་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཞིག་ཡིན་ཞིང་།འབྲོག་པའི་སྡོད་ཁང་ཐར་ཐོར་ཡིན་པས།སྡེ་བའི་རིམ་པའི་བཅོས་སྐྱོང་སྟོབས་ཤུགས་ཅུང་ཞན།ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས།ཐོན་སྐྱེད་འཕེལ་རྒྱས་དང་འགལ་ཟླའི་རྩོད་གཞི་འདུམ་འགྲིག  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།ཕན་ཚུན་རོགས་རེས་བྱེད་པ་སོགས་བྱ་བའི་ཚན་ཁག་དགུ་བཙུགས་ཏེ།འབྲོག་དམངས་ཡོངས་ཞུགས་པར་སྣེ་ཁྲིད་ནས་ལས་བགོས་མཉམ་འགུལ་དང་ས་ཁོངས་ཡོངས་བཅོས་སྐྱོང་བྱས་ནས།མང་ཚོགས་ཟུར་ལྟ་མཁན་ནས་ཟབ་ཞུགས་པ་དང་ཕན་འབྲས་སྤྱོད་མཁན་ཏུ་གྱུར་ཡོད།དུས་མཚུངས་སུ།  སྡེ་བའི་ནོར་གནག་ཁྱད་ལྡན་གསོ་སྤེལ་བྱས་ནས།ཐུན་མོང་དཔལ་འབྱོར་ཀུང་ཟི་བཙུགས་ཏེ།ནོར་གནག526གསོ་སྤེལ་བྱས་ཤིང་།སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལོ་རེའི་ཡོང་སྒོ་སྒོར་ཁྲི་བརྒྱ་ལས་བརྒལ་ཡོད།

སྡེ་བའི་ལས་འགན་འཁུར་བའི་སློབ་ཆེན་སློབ་མ་སྐྱིད་རྡོ་མ་ཡིས་བཤད་རྒྱུར།ང་ཚོ་ཁོ་རྒན་སྡེ་བའི2022ལོར་མཉམ་ལས་ཁང་འདི་བཙུགས་པ་ནས་བཟུང་གཙོ་བོར་རྒྱུད་བཟང་ནོར་གནག་གསོ་སྤེལ་བྱས་ཏེ།ཞོར་དུ་གསོ་སྤེལ་དང་འདེབས་འཛུགས་ལས་རིགས་ཟུང་འབྲེལ་གྱི་ལམ་བུ་འདི་བཏོད་པ་ཡིན།དུས་མཚུངས་སུ་སྡེ་བའི་ནང་གི་བེད་མེད་དུ་བསྐྱུར་བའི་རྒྱུ་ནོར་ཕྱིར་གླ་གཏོང་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཇེ་མང་དུ་བཏང་ཡོད།མིག་སྔར་སྡེ་བའི་ཐུན་མོང་དཔལ་འབྱོར་ནང་དུ་ནོར་གནག326དང་རྨོ་ཞིང་མུའུ417ཡོད་པ་དང་།ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་བ་ནས་བཟུང་།ང་ཚོས་ཏང་འཛུགས་ཁྲིད་སྟོན་དུ་བཟུང་སྟེ་སྡེ་བའི་ཐུན་མོང་ཐོན་ལས་འཕེལ་རྒྱས་སུ་བཏང་བས།མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་ཁྲིད་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སློང་བྱས་པ་མ་ཟད།རང་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱས་ནས་གྲོང་གསེབ་དར་སྤེལ་གྱི་དཔལ་འབྱོར་རྨང་གཞི་བརྟན་པོར་བཏང་ཡོད་ཟེར།

ཕན་ཚུན་རོགས་རེས་ཚན་ཁག་གིས་གཙོ་བོ་ཉམས་ཞན་ཚོགས་སྤྱི་དང་དཀའ་ངལ་ཅན་གྱི་ཁྱིམ་ཚང་ལ་དོ་ཁུར་དང་རོགས་རམ་བྱེད་པར་དམིགས་ནས། ཁྱིམ་ཚང་དུ་སོང་ནས་རོགས་རམ་བྱེད་པ་དང་ལས་ཀ་ཚབ་སྒྲུབ་བྱེད་པ་བཅས་བྱས་ཏེ་སྤུས་ལེགས་ཞབས་ཞུར་བརྟེན་ནས་ཁྱིམ་མཚེས་ཕན་ཚུན་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་། འགལ་ཟླ་རྩོད་གཞི་འདུམ་འགྲིག་ཚན་ཁག་གིས་གཙོ་བོ་ཏང་ཡོན་རྒན་པ་དང་འབྲོག་དམངས་རྒན་པར་བརྟེན་ནས། ཡུལ་དངོས་སུ་ཁྱིམ་མཚེས་བར་དང་རྩྭ་ས་རྩོད་གླེང་གི་འགལ་ཟླ་འདུམ་འགྲིག་བྱས་ནས་དོན་དག་ཆུང་ངུ་སྡེ་བར་ཐག་གཅོད་ཐུབ་པ་དང་འགལ་ཟླ་རྩོད་གཞི་གོང་རིམ་ལ་སྤྲོད་མི་དགོས་པ་མངོན་འགྱུར་བྱུང་།ད་ལྟ་ཁོ་རྒན་སྡེ་བའི་ཐོན་ལས་དར་ཞིང་དམངས་སྲོལ་བཟང་ལ།སྐྱེ་ཁམས་མཛེས་པས།ཚན་ཁག་དགུ་མཉམ་འབྲེལ་བྱས་ནས་མཉམ་དུ་ནུས་ཤུགས་འདོན་པ་ལས་གྲོང་གསེབ་བཅོས་སྐྱོང་གི་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་སྟེ།འབྲོག་པ་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་གྱུར་ཡོད།

ཐུན་ཏེ་རྫོང་ཁོ་རྒན་སྡེ་བའི་ཧྲུའུ་ཅི་དང་པོ་ནོར་བུ་དབང་རྒྱལ་གྱིས་བཤད་རྒྱུར། ང་རང་ཁོ་རྒན་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཡིན། ང་ཚོའི་སྡེ་བར་ཁྱིམ་ཚང290ལ་སྡེ་མི1168ཡོད། 2025ལོར་ང་ཚོའི་སྡེ་བའི་མཉམ་ལས་ཁང་གི་ཚོང་གཉེར་ཡོང་སྒོ་སྒོར་ཁྲི142ལ་སླེབས་ཤིང་། གཙོ་བོ་ཞིང་ལས་དང་ཕྱུགས་ལས་ཀྱི་ཡོང་འབབ་ཡིན། ཞིང་ལས་འཕྲུལ་ཆས་ཁོ་ནར་སྒོར་ཁྲི7.8ཟིན་ཡོད། ཅན་བཅུའི་ཏང་འཛུགས་སྤེལ་བའི་ཚུན་ལ། སྡེ་དམངས་རྣམས་ཀྱིས་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་བྱས་ནས། སྡེ་བའི་ནང་གི་དོན་དག་ཆེ་ཆུང་ཚང་མ་མཉམ་དུ་གྲོས་བསྡུར་བྱས་ཏེ། བྱ་བ་ཐམས་ཅད་བཟང་བའི་ཕྱོགས་ལ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཟེར།


热门新闻

热门图库

热门排行