སྒྲོན་བརྙན། 详情

ཝང་ཧུའུ་ཉིང་གིས་བྷང་ག་ལའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།

500451783_a166bb72-9576-4b6c-ab7b-0e1a3e7362c2.jpg

ཟླ5པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་བྷང་ག་ལའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཁཱ་ལི་ལེ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས6ཉིན་པེ་ཅིན་དུ་བྷང་ག་ལའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཁཱ་ལི་ལེ་ལ་ཐུག་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། 2016ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལ་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་ནས། ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་མཛད། ཀྲུང་གོའི་ཕྱོགས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་བྷང་ག་ལ་དང་མཛའ་བརྩེ་འབྲེལ་བ་མུ་མཐུད་ནས་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་སྤེལ། ཀྲུང་གོ་དང་བྷང་ག་ལའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་པར་བྱེད་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་འདིའི་ཐད་ལ་བྱས་རྗེས་གང་ལེགས་འཇོག་འདོད་ཡོད་ཟེར།    

ཁཱ་ལི་ལེ་ཡིས་བསྟན་དོན། ཀྲུང་གོ་ནི་བྷང་ག་ལའི་གྲོགས་པོ་ངོ་མ་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ནི་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་འཛིན་བཞིན་ཡོད། ཀྲུང་གོ་གཅིག་གི་རྩ་དོན་དམ་སྲུང་མཐའ་གཅིག་ཏུ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཨང2758པའི་གྲོས་ཆོད་ལ་དོགས་པ་ཟ་མི་དགོས་ཤིང་། ཀྲུང་གོའི་རྒྱལ་ཁབ་གཅིག་གྱུར་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོའི་ཕྱོགས་དང་མཛའ་བརྩེ་རྒྱུན་འཛིན་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ནས་བྷང་ག་ལ་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་ཇེ་མཐོར་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

ཝང་ཏུང་ཧྥིན་སོགས་ཐུག་འཕྲད་ལ་ཞུགས། །


热门新闻

热门图库

热门排行