མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་པའི་རྒྱབ་ཁབ་སྤྱི་སྤྱོད་སྐད་ཡིག་གི་བརྙན་འཕྲིན་གཏམ་བཤད་འགྲན་བསྡུར་སྐབས་གསུམ་པའི་མཚོ་ལྷོའི་ཐོག་མའི་འགྲན་བསྡུར་མགོ་བརྩམས།
རང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་པའི་རྒྱབ་ཁབ་སྤྱི་སྤྱོད་སྐད་ཡིག་གི་བརྙན་འཕྲིན་གཏམ་བཤད་འགྲན་བསྡུར་སྐབས་གསུམ་པའི་མཚོ་ལྷོའི་ཐོག་མའི་འགྲན་བསྡུར་བསྡུས་ཤིང་། ཐེངས་འདིའི་ཐོག་མའི་འགྲན་བསྡུར་ལས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ཞེས་པ་བརྗོད་དོན་དུ་བཟུང་ནས། ཁུལ་ཡོངས་ཀྱི་རྫོང་ཁག་ལྔའི་འོས་སྦྱོར་ལེགས་འདེམས་བྱུང་བའི་གྲངས་ཉུང་མི་རིགས་རོང་འབྲོག་པའི་འཐུས་ཚབ་མི་སྣ13འགྲན་བསྡུར་ལ་ཞུགས།
འགྲན་བསྡུར་ཁྲོད་དུ་འགྲན་ཞུགས་པ་རྣམས་ཀྱིས་སྤོབས་སེམས་ཆེར་བསྐྱེད་ཀྱིས༼ཏང་གི་དྲིན་དྲན་པ་དང་མཉམ་དུ་བགྲོད་ལམ་གསར་པར་བསྐྱོད༽༼སྐད་ཡིག་གི་འབྲེལ་ཟམ་བཙུགས་ཏེ་ཏང་འཛུགས་ཀྱིས་སྣེ་ཁྲིད་བྱེད༽ཅེས་པ་སོགས་ཕུལ་བྱུང་བརྩམས་ཆོས་ལ་བརྟེན་ཏེ། དམངས་དང་ཁ་ཐག་ཉེ་ཞིང་བརྩེ་བ་ལྡན་པའི་སྐད་བརྡའི་ལམ་ནས་རང་ཉིད་ཀྱི་མྱོང་བ་དང་ཉེ་འགྲམ་གྱི་དོན་དངོས་དང་ཟུང་འབྲེལ་སྒོས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གིས་ས་ཁུལ་གྱི་རིག་གནས་འབྲེལ་འདྲིས་དང་མི་རིགས་སོ་སོའི་བར་གྱི་མཛའ་འབྲེལ། མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་བཅས་ཀྱི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་པར་འགྲེལ་བཤད་བཟང་པོ་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་བཟང་པོའི་འོག མཚོ་ལྷོའི་རོང་འབྲོག་ས་ཁུལ་གྱི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་དང་འགྱུར་ལྡོག་གི་གཏམ་རྒྱུད་ལས་མི་རིགས་སོ་སོའི་རིག་གནས་འབྲེལ་འདྲིས་དང་མཐུན་སྒྲིལ་ཡར་བརྩོན་གྱི་རྣམ་པ་བཟང་བོ་མཚོན་ཡོད་པ་མ་ཟད། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གིས་གྲོང་ཁྱེར་དང་ཤང་གྲོང་། རིག་གནས་རྒྱུན་འཛིན། གྲོང་གསེབ་དར་སྤེལ་བཅས་ལ་བཏོན་པའི་ནུས་ཤུགས་ཀྱང་མངོན་ཡོད།
ཛ་དྲག་གི་འགྲན་རྩོད་བརྒྱུད། བྱ་དགའ་ཨང་དང་པོ1དང་བྱ་དགའ་ཨང་གཉིས་པ2། བྱ་དགའ་ཨང་གསུམ་པ3དང་ཕུལ་བྱུང་བྱ་དགའ7། ཕུལ་བྱུང་རྩ་འཛུགས་བྱ་དགའ3བཅས་བདམས་ཐོན་བྱུང་ཞིང་། འགྲན་བསྡུར་ལས་གཟེངས་སུ་ཐོན་པའི་འགྲན་ཞུགས་པ4ཡི་གཏམ་བཤད་བརྙན་རིས་ཀྱིས་མཚོ་ལྷོ་ཁུལ་གྱི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་མང་ཚོགས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བརྙན་འཕྲིན་གཏམ་བཤད་འགྲན་བསྡུར་ཁྲོད་ཞུགས་རྒྱུ་རེད།