ཁུལ་ཨུས་མཚོ་སྔོན་པོའི་ལྷོ་ངོགས་ཀྱི་འབྲེལ་ཡོད་གནད་དོན་དག་ཐེར་བཅོས་སྐྱོང་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས་པ།
ཟླ4པའི་ཚེས29ཉིན། ཁུལ་ཨུས་མཚོ་སྔོན་པོའི་ལྷོ་ངོགས་ཀྱི་འབྲེལ་ཡོད་གནད་དོན་དག་ཐེར་བཅོས་སྐྱོང་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་དང་། མཚོ་སྔོན་པོའི་རྒྱུད་ལ་རྟོག་ཞིབ་གནང་སྐབས་ཀྱི་འབྲེལ་ཡོད་བླང་བྱ། ཡུལ་དངོས་གཞུང་ལས་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྷག་པར་དུ་གནས་པའི་གནད་དོན་དབྱེ་ཞིབ་གསལ་བོ་དང་། དག་ཐེར་བཅོས་སྐྱོང་བྱ་བ་བཅས་ལ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་བྱ་བར་བཀོད་སྒྲིག་བྱས།
ཚོགས་འདུ་ལས་མཚོ་སྔོན་པོ་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་དང་། མཚོ་སྔོན་པོའི་ལྷོ་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་ནི་ཁུལ་ཡོངས་ཀྱི་གོང་འོག་ཀུན་གྱིས་ངེས་པར་དུ་དོ་སྣང་བྱ་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་ལ། རྒྱལ་ཁབ་ཀྱི་དོན་ཆེན་དུས་ནམ་ཡང་བློ་ལ་བརྟན་པོར་ངེས་པར་བྱས་ནས་ཞིང་ཆེན་རིམ་པའི་ཞིབ་བཤེར་དཔྱད་དཔོག་ནང་བཏོན་པའི་གནད་དོན་ལ་མཐོང་ཆེན་བྱས་ཏེ། གནད་དོན་དང་ལེན་དང་གཅིག་ཤེས་ཀུན་གྲོལ་གྱིས་དག་ཐེར་བཅོས་སྐྱོང་ལེགས་པོ་བྱེད་པ་དང་། མཚོ་སྔོན་པོའི་ལྷོ་ངོགས་ཀྱི་སྐྱེ་ཁམས་ཚད་མཐོའི་སྲུང་སྐྱོང་དང་ཡུལ་སྐོར་ཚད་མཐོའི་འཕེལ་རྒྱས་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཚོགས་འདུ་ལས་གུང་ཧོ་རྫོང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བ། ཅན་བཅུའི་ཏང་འཛུགས་དང་གཉིས་ལྡན་མཉམ་སྐྲུན་གྱི་བྱ་བར་ཟུང་འབྲེལ་བྱས་ནས། མཚོ་སྔོན་པོའི་ལྷོ་ངོགས་ཀྱི་ལམ་རྒྱུད་དང་རྩྭ་ས། ས་གནས་རེ་རེ་བཅས་ལ་དོ་དམ་དང་སྲུང་སྐྱོང་བྱས་ཏེ། མཚོ་སྔོན་པོའི་ལྷོ་ངོགས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱ་དགོས་པ་དང་། སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་ཉིན་རྒྱུན་གྱི་གད་སྙིགས་གཙང་སེལ་དང་དོ་དམ་ཚད་ལྡན་བྱེད་པ་དང་། ཡུལ་སྐོར་གསང་སྤྱོད་ཁང་ལ་དུས་ལྟར་གཙང་སྦྲ་བྱེད་པ། གད་སྙིགས་དང་བཙོག་ཆུ་གཙང་སེལ་སྒྲིག་ཆས་ལ་ཚད་ལྡན་གྱིས་དོ་དམ་དང་ལས་ཆོད་ཆེ་བའི་སྒོ་ནས་འཁོར་སྐྱོད་བྱེད་པར་འགན་ལེན་བྱས་ཏེ། གད་སྙིགས་གང་སར་འཕེན་པ་དང་བཙོག་ཆུ་གཏོང་བ་སོགས་ཀྱི་གནད་དོན་སྔོན་འགོག་ནན་མོ་བྱ་དགོས། ལས་གཞིའི་འཛུགས་སྐྲུན་ལ་དོ་དམ་ནན་མོ་བྱས་ནས། འཆར་འགོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་དཔང་ཡིག་གསུམ་གྱི་དོ་དམ་ལ་ཤུགས་སྣོན་བྱེད་པ། ཁུལ་དང་རྫོང་རིམ་པའི་མཐུན་སྦྱོར་དང་སྡེ་ཁག་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། བརྒྱུད་རིམ་ཡོངས་དང་འབྲེལ་ལམ་ཡོངས་ལ་དུས་བཀག་ལྟར་རྒྱུན་རྣམ་ཅན་གྱིས་དོ་དམ་ནན་མོ་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་མཉམ་དུ་སྐུལ་འདེད་གཏོང་བར་འགན་ལེན་བྱ་དགོས། ཞིང་འབྲེལ་ཞིང་ཁྲིད་ལ་ཤུགས་སྣོན་བྱས་ནས། ལྡོག་མེད་རང་བཞིན་དང་སྟབས་བསྟུན་རང་བཞིན་གཉིས་ཟུང་འབྲེལ་རྒྱུན་འཁྱོངས་དང་། རྒྱུན་རྣམ་ཅན་གྱིས་སྲིད་ཇུས་སྒྲོག་འགྲེལ་དང་ཁྲིམས་ལུགས་དྲིལ་སྒྲོག་བྱེད་པ། ཁྲིམས་མཐུན་གྱི་བདག་གཉེར་བྱེད་སྟངས་ཚད་ལྡན་དུ་གཏོང་བ། མང་ཚོགས་ཁྲིམས་སྲོལ་དང་བཅའ་ཁྲིམས་ལྟར་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པར་ཁྲིད་སྟོན་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། མང་ཚོགས་ལ་ཕན་ཁེ་ཐོབ་པར་ཕན་ཚུན་སྐུལ་འདེད་དང་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱ་དགོས། བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གཅིག་ལན་མཉམ་འདེབས་དང་གཅིག་འགན་མཉམ་འཁུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་འགུལ་གྱིས་གོང་རིམ་སྡེ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་འགུལ་དང་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཅན་བཅུའི་ཏང་འཛུགས་ཀྱི་ཆེད་དོན་བྱ་བའི་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས། མཉམ་སྒྲུབ་ཀྱི་བྱ་བའི་མཉམ་ཤུགས་ཆགས་པར་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལ་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་ཞིང་ཆེན་རིམ་པའི་སྐོར་ཞིབ་དཔྱད་དཔོག་དང་འབྲེལ་བ་ཡོད་པའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། གུང་ཧོ་རྫོང་སྲིད་གཞུང་དང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ། ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱི་འགན་འཁུར་བས་གཏམ་བཤད་སྤེལ།
ལིའུ་ཡན་དང་སུན་ཅུན་ཞཱ། ལི་ཀོའུ་ཞུང་བཅས་ཚོགས་འདུར་ཞུགས།