གཙོ་གནད།2 详情

ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་བྱ་བའི་ཚོགས་འདུ་བསྡུས་པ།

2026-04-30 11:29:46 来源: 作者:པདྨ་ཚེ་རིང་། 编辑:བུ་མོ་མཆོག

 ཟླ4པའི་ཚེས27ཉིན། ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བཅས་ཀྱི་བྱ་བའི་ཚོགས་འདུ་བསྡུས་པ་དང་། ཚོགས་འདུ་ལས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་། ནགས་དཔོན་དང་རྩྭ་དཔོན་ལམ་ལུགས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བཅས་ཀྱི་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། 2025ལོའི་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་དང་2026ལོའི་གཙོ་གནད་བྱ་བའི་ལས་འགན་བཀོད་སྒྲིག་བྱས་ཏེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཚད་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་གཏམ་བཤད་སྤེལ་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་བྱས།

གཞུང་དངོས། ཞུང་ཡོན་ལའེ་ཡིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ཏེ། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཀྱི་གནས་བབ་ཁྱད་པར་ཅན་དང་སྐྱེ་ཁམས་ཀྱི་འགན་འཁྲི་ཧ་ཅང་ལྕི་བས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ལས་འགན་གཙོ་བོའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། སྐྱེ་ཁམས་བདེ་འཇགས་གཙོ་བོ་ཡིན་པའི་འདུ་ཤེས་བསྐྱེད་པ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ་བརྟན་པོར་བཏང་ནས། སྐྱེ་ཁམས་སྲུང་སྐྱོང་གི་མ་མཐའི་ཚད་ཐིག་གསུམ་ནན་སྲུང་བྱས་ཏེ། མ་ལག་བཅོས་སྐྱོང་གི་བསམ་བློ་རྒྱུན་འཁྱོངས་སྒོས་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་གཅིག་གྱུར་སྒོས་དམ་འཛིན་བྱེད་པ་དང་། ཁུལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་ཕན་འབྲས་བཟང་པོ་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན།

ཞུང་ཡོན་ལའེ་ཡིས་ད་ལོ་ནི་ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་ནགས་རྩྭའི་དོ་དམ་སྲུང་སྐྱོང་གི་སྤུས་འདེགས་ནུས་མཐོ། མཚོ་དང་ཆུ་བོ་བཅོས་སྐྱོང་བཅས་གཏིང་ཟབ་ཏུ་སྤེལ་བའི་འགག་རྩའི་དུས་རིམ་ཤིག་ཡིན་པས། ཚན་རིག་གི་སྤུས་འདེགས་ལྗང་སྒྱུར་དང་བྱང་གསུམ་བཟོ་གྲྭའི་འགག་སྒྲོལ་གྱི་གནད་འགག་ལ་དམིགས་ཏེ། ས་ཁོངས་གཙོ་བོའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་བྱེད་པ་དང་། ཡུལ་བབ་དང་བསྟུན་པ། བཟོ་སྐྲུན་དང་དོ་དམ་མཉམ་བརྩི་བྱེད་པ། ཚན་རྩལ་ལ་བརྟེན་ནས་ནུས་པ་འདོན་པ་བཅས་རྒྱུན་འཁྱོངས་བྱེད་པ། ལས་གཞིའི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཚད་ལྡན་དུ་བཏང་སྟེ། རྒྱལ་ཁོངས་ལྗང་སྒྱུར་གྱི་སྤུས་ཚད་རྒྱུད་མཐུད་ངང་མཐོར་འདེགས་སུ་གཏོང་དགོས། ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏིང་ཟབ་ཏུ་བཏང་སྟེ། རིམ་པ་བཞིའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་དོ་དམ་སྲུང་སྐྱོང་དཔུང་ཁག་སྟོབས་ལྡན་དུ་བཏང་ནས། ཐོན་ཁུངས་ཀྱི་ཁྲིམས་བསྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་མང་ཚོགས་ཀྱི་འབབ་འཕར་གཉིས་ཕན་ཚུན་སྐུལ་འདེད་དང་མཉམ་རྒྱལ་ཡོང་བར་བྱ་དགོས། མཚོ་དང་ཆུ་བོའི་མ་ལག་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱས་ཏེ། ཆུའི་ཐོན་ཁུངས་ལ་ལྡོག་མེད་གཅུན་སྡོམ་བྱ་དགོས། མཚོ་དང་ཆུ་བོའི་གང་བྱུང་བཞི་གཙང་སེལ་དང་ཆུའི་སྐྱེ་ཁམས་སླར་གསོ། ཆུའི་སྦགས་བཙོག་བཅོས་སྐྱོང་བཅས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ས་ཁོངས་ཧྲིལ་བོའི་ཆུའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱ་དགོས། ཅན་བཅུའི་ཏང་འཛུགས་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་གི་ནུས་པ་འདོན་སྤེལ་བྱས་ཏེ། རིམ་པ་ཁག་དང་ཕྱོགས་སོ་སོའི་བྱ་བའི་འགན་འཁྲི་གཟབ་ནན་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་ཁོངས་ཡོངས་ཀྱི་མཉམ་སྒྲུབ་མཉམ་སྐྱོང་གི་རྣམ་པ་འཐུས་ཚང་དུ་བཏང་ནས། སྔར་ལས་མཐོ་བའི་ཚད་གཞི་དངསྔར་ལས་ལེགས་པོའི་བྱེད་ཐབས་བརྟེན་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀརྨ་ཕུན་ཚོགས་ཀྱིས་མགོ་འཛིན་བྱེད་སྐབས་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ཕྲག་ཏུ་བླངས་ཏེ། ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་དང་། ཆུ་དཔོན་དང་མཚོ་དཔོན་གྱི་བྱ་བ་སོ་སོ་དམ་འཛིན་བྱས་ནས། རི་ཆུ་ནགས་གསུམ་དང་ས་ཞིང་། མཚེའུ་དང་རྩྭ་ཐང། བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་བྱང་གསུམ་བཟོ་སྐྲུན་དང་། ཆུ་བོ་དང་མཚོ་ཡི་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་ལག་བསྟར་བྱ་དགོས། ཁོངས་གཏོགས་སྡེ་ཁག་གི་འགན་འཁྲི་ནན་མོར་བཏང་སྟེ། ནགས་དང་རྩྭ། ཆུ་དང་མཚོ་ཡི་དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་བཏང་ནས། རྒྱུན་རྣམ་ཅན་གྱིས་ནགས་དང་ཆུ་བོར་སྐོར་ཞིབ་བྱེད་པ་དང་། རིག་ནུས་སྐྱེ་ཁམས་ལྟ་སྐུལ་དོ་དམ་མ་ལག་བཙུགས་ནས་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན།

ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་བསྡུས་ཤིང་། ཁུལ་དུ་ཚོགས་ར་གཙོ་བོ་དང་རྫོང་ཁག་སོ་སོར་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས། ཁྲི་ཀ་རྫོང་དང་ཀོས་ནན་རྫོང་། ཞིན་ཧེ་རྫོང་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད་སྤེལ།

ཀའོ་ཡུང་ཧུང་དང་ཞུའུ་ཅན་ཅུན་ཚོགས་ར་གཙོ་བོར་ཞུགས། 


热门新闻

热门图库

热门排行