གནད་བསྡུས། 详情

མཚོ་ལྷོ་ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་ལྔ་པ་བསྡུས་པ།

2026-04-30 11:28:18 来源: 作者:སྐལ་བཟང་སྐྱིད། 编辑:བུ་མོ་ཆོག

 ཟླ4པའི་ཚེས28ནས་ཚེས29ཉིན་བར་མཚོ་ལྷོ་ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་ལྔ་པ་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་མཱ་ཅན་ཧུང་གིས་ཚོགས་འདུར་མགོ་འཛིན་བྱས་ཤིང་།  ཀྲུའུ་རེན་གཞོན་པ་ཧྥན་རུན་ཡོན་དང་གསེར་མཚོ།  དྲུང་ཡིག་ཆེན་མོ་མཁས་ཆེན་དོན་འགྲུབ།  ཨུ་ཡོན་བཅས་བསྡོམས་པས་མི27ཚོགས་འདུར་ཞུགས།

ཚོགས་འདུ་ལས2025ལོའི་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་ཁུལ་མི་དམངས་སྲིད་གཞུང་གི་ཆེད་དོན་སྙན་ཞུ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་གྲོས་ཞིབ་གནང་བ་རེད། ཁུལ་མི་དམངས་སྲིད་གཞུང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབེབས་འགྱེད་མི་ཐུབ་པའི་འགྱིག་རྫས་དོ་དམ་སྲོལ་ཡིག་ཅེས་པ་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་དང་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུའི་གྲོས་ཞིབ་བསམ་འཆར་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་ཅེས་པ་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུའི་གྲོས་ཞིབ་བསམ་འཆར་ཞེས་པ་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་སྙན་ཞུ།  ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་གྱིས་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་སྲོལ་ཡིག་ཅེས་པ་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུའི་གྲོས་ཞིབ་བསམ་འཆར་ཅེས་པ་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གསན་པ་རེད།

     ཚོགས་འདུ་ལས་འབྲེལ་ཡོད་མི་དོན་གྱི་བསྐོ་འཐེན་དོན་ཚན་ལ་བརྡས་ཐག་བཅད་དེ་འཐད་པ་བྱུང་བ་མ་ཟད།གསར་དུ་བསྐོས་པའི་བློ་མཐུན་རྣམས་ལ་བསྐོ་བཞག་དཔང་ཡིག་བྱིན་ནས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པར་རྩ་འཛུགས་བྱས། 

ཚོགས་འདུ་ལས་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཁུལ་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་ཞེ་ཁང་ཡུང་གིས་མཚོ་བོད་མཐོ་སྒང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་འཚོལ་ཞིབ་དང་ལག་ལེན་སྟེ་མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་སྤེལ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་ཞེས་པ་བརྗོད་དོན་དུ་བཟུང་བའི་ཆེད་དོན་འཆད་ཁྲིད་སྤེལ་ཞིང་། ཁུལ་དཔོན་གཞོན་པ་ཞུའུ་ཅན་ཅུན་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་ཅཱ་ནའེ་ཅི། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་གཙོ་ལིའུ་ཅན་ཀྲི། ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་བྱ་བའི་སྡེ་ཁག་གི་འགན་འཁུར་བློ་མཐུན། གུང་ཧོ་དང་ཐུན་ཏེ། ཞིན་ཧེ་རྫོང་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་དང་། ཀོས་ནན་དང་ཐུན་ཏེ་རྫོང་གི་ཁུལ་རིམ་པའི་དམངས་ཆེན་གྱི་འཐུས་མི་བཞི་བཅས་ཚོགས་འདུར་ཟུར་ཞུགས་བྱས།


热门新闻

热门图库

热门排行