གནས་ཚུལ། 详情

ངལ་རྩོལ་དཔེ་ལེགས་པ་དཀོན་མཆོག་ཚེ་རིང་གིས་དབང་སྐྱོན་ལ་བཅངས་པའི་འགྱུར་མེད་ཀྱི་བརྩེ་སེམས།

2026-04-29 16:23:22 来源: 作者:སྐལ་བཟང་སྐྱིད། 编辑:བུ་མོ་མཆོག

ངལ་རྩོལ་ལས་རིན་ཐང་གསར་སྐྲུན་བྱེད་ཐུབ་ལ།  ངལ་རྩོལ་དཔེ་ལེགས་པས་སྲོལ་བཟང་ལ་སྣེ་ཁྲིད་བྱེད་ཐུབ། ཀོས་ནན་རྫོང་གི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་པའམ་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་མི་སྒེར་དཀོན་མཆོག་ཚེ་རིང་གིས་ངལ་རྩོལ་ལ་བརྟེན་ནས་འགན་སྒྲུབ་ཧུར་ལེན་བྱས་པ་དང་། གྲོང་གསེབ་ལ་རྐང་ཚུགས་ཏེ་ཁེ་ལས་གསར་འཛུགས་དང་མཉམ་ལས་ཁང་འཛུགས་པ།  དབང་བོ་སྐྱོན་ཅན་ལ་རོགས་རམ་བཅས་བྱས་ནས།  ངལ་རྩོལ་དཔེ་ལེགས་པས་ལག་ལེན་དངོས་ལས་དམངས་ལ་ཞབས་ཞུ་བསྒྲུབས།  

ལོ་ན52ལ་སོན་པའི་དཀོན་མཆོག་ཚེ་རིང་ནི་ཀོས་ནན་རྫོང་ཀླུ་ཚང་བསང་རྫས་ལས་སྣོན་བཟོ་གྲྭའི་མགོ་གཙོའམ་རྒྱ་ཤིང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མགོ་གཙོ་ཡིན་ལ།  ཁོས་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་ཡིད་ལ་བཅངས་ཏེ། ངལ་རྩོལ་དཔེ་ལེགས་པའི་བསམ་པའི་སྙིང་སྟོབས་དེ་དུས་རྒྱུན་གྱི་བྱ་བར་འདྲེས་པར་བྱས་ནས་ཉམས་ཞན་ཚོགས་སྤྱིར་རོགས་རམ་བྱ་རྒྱུ་ནི་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཡོད།

2009ལོར་དཀོན་མཆོག་ཚེ་རིང་གིས་ཀླུ་ཚང་བསང་རྫས་ལས་སྣོན་བཟོ་གྲྭ་བཙུགས་ཏེ། སྔོན་ལ་དབང་བོ་སྐྱོན་ཅན་གྱི་ལས་མི་བསྡུ་ལེན་བྱས་ཤིང་།  དེང་སྐབས་བཟོ་གྲྭའི་ལས་བཟོ་པ21ཁྲོད་ཀྱི་ལས་བཟོ་པ16ནི་དབང་བོ་སྐྱོན་ཅན་ཡིན་ལ།  ཁོ་ཚོས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་རིན་ཐང་མངོན་འགྱུར་བྱས།  2016ལོར་ཁོའི་སྣེ་ཁྲིད་འོག་བཙུགས་པའི་མཉམ་ལས་ཁང་གིས་དུད་ཁྱིམ162ཀྱི་མང་ཚོགས899ཡི་སྣེ་ཁྲིད་དེ་ཁྱད་ལྡན་གསོ་སྤེལ་ལས་རིགས་གཉེར་ཏེ།  ཁུལ་རིམ་པའི་ཚད་གཞི་ཅན་གྱི་གསོ་སྤེལ་རྟེན་གཞི་བཙུགས་ནས།  མཉམ་ལས་ཁང་དེ་ཡུལ་མི་སྤུན་ཟླ་རྣམས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་གནས་གཙོ་བོ་ཞིག་ཏུ་གྱུར།  

ལོ་ངོ་མང་པོའི་རིང་ལ།  ཁོས་དབང་བོ་སྐྱོན་ཅན་གྱི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་ལས་གནས་བཀོད་སྒྲིག་དང་ཁ་གཏད་རང་བཞིན་གྱི་ལག་རྩལ་གསོ་སྦྱོང་བྱས་ཏེ། ལག་ལེན་དངོས་ལས་ངལ་རྩོལ་དཔེ་ལེགས་པའི་འགན་འཁྲི་མཚོན་པར་བྱས་ཤིང་། ཁོས་རྒྱུན་དུ་ངལ་རྩོལ་དཔེ་ལེགས་པས་སྣེ་ཁྲིད་དེ་ལས་དོན་བསྒྲུབ་དགོས་པ་མ་ཟད་དེ་བས་ཀྱང་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་སྣེ་ཁྲིད་དགོས་ཞེས་བཤད་པ་རེད།

ཀོས་ནན་རྫོང་ཀླུ་ཚང་བསང་རྫས་ལས་སྣོན་བཟོ་གྲྭའི་མགོ་གཙོ་དཀོན་མཆོག་ཚེ་རིང་གིས་བཤད་རྒྱུར།ངལ་རྩོལ་དཔེ་ལེགས་པ་ཞིག་དང་དེ་བས་ཀྱང་གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན་པའི་ཆ་ནས།  དབང་བོ་སྐྱོན་ཅན་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་ལས་ཁང་དང་ལས་སྣོན་བཟོ་གྲྭར་བདེ་འཇགས་ངང་ལས་ཀར་ཞུགས་ཐུབ་པར་བྱས་ཏེ། ཁོ་ཚོས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་ཞིང་མི་ཚེ་ལ་རྩིས་ཐང་ཡོད་པར་གྱུར། ང་ཡིས་འགན་འཁྲི་འདི་དུས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ།  ཉམས་ཞན་ཚོགས་སྤྱིར་ལྷག་བསམ་རྣམ་དག་གིས་རོགས་རམ་བྱས་ནས།  ཚང་མ་དང་མཉམ་དུ་བདེ་སྐྱིད་འཚོ་བའི་ཕྱོགས་སུ་སྙེག་བཞིན་ཡོད་ཟེར།

 ཁོའི་སྣེ་ཁྲིད་འོག  མཉམ་ལས་ཁང་གིས2018ལོ་ནས2022ལོའི་བར་དུ་བསྡོམས་པས་སྒོར་ཁྲི188.2ཀྱི་བགོ་བཤའ་བརྒྱབ་སྟེ་དབུལ་ཕོངས་མང་ཚོགསདང་དབང་བོ་སྐྱོན་ཅན།  བུད་མེད་བཅས་མི88ལ་ལས་གནས་འདོན་སྤྲོད་བྱས་ཤིང་།  ཁོས་ད་དུང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཏེ་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱས་ཏེ་ངལ་རྩོལ་དཔེ་ལེགས་པའི་འགན་འཁྲི་ལག་བསྟར་བྱས་ཤིང་། ཤེས་ཐར་རྒྱལ་ནི་བསང་རྫས་ལས་སྣོན་བཟོ་གྲྭའི་ལས་བཟོ་པ་རྒན་པ་ཞིག་ཡིན་ཏེ་དཀོན་མཆོག་ཚེ་རིང་གི་རོགས་རམ་ལ་བརྟེན་ནས་ཁོ་རང་ལས་ཀར་ཞུགས་ཐུབ་པ་བྱུང་ཞིང་འཚོ་བར་རེ་བ་ཡོད་པར་གྱུར།  

ཀོས་ནན་རྫོང་ཀླུ་ཚང་བསང་རྫས་ལས་སྣོན་བཟོ་གྲྭའི་ལས་བཟོ་པ་ཤེས་ཐར་རྒྱལ་གྱིས་བཤད་རྒྱུར། ངའི་ལུས་པོའི་རྐྱེན་གྱིས་ད་ལྟའི་བར་དུ་ལས་ཀར་ཞུགས་མ་ཐུབ་ལ།  མགོ་གཙོ་དཀོན་མཆོག་གི་རོགས་རམ་ལ་བརྟེན་ནས་གནས་འདིར་ལོ་བཅུའི་རིང་ལ་ལས་ཀར་ཞུགས་ཤིང་།  དངོས་གནས་ཁོ་ལ་ཐུགས་རྗེ་ཆེ་ཟེར།

རྫོང་རིམ་པའི་ཕུལ་བྱུང་ཏང་ཡོན་ནས་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་མི་སྒེར་བར་གྱི་གཟི་བརྗིད་དཔང་ཡིག་རེ་རེ་ལས་དཀོན་མཆོག་ཚེ་རིང་གི་ངལ་རྩོལ་དཔེ་ལེགས་པའི་འགན་འཁྲི་ར་སྤྲོད་བྱས་ཤིང་།  ལོ་ངོ་མང་པོའི་རིང་ལ།  ཁོས་དུས་ནམ་ཡང་གྲོང་གསེབ་དར་སྤེལ་དང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱས་ཏེ།  བློ་གྲོས་དང་རྔུལ་ཆུར་བརྟེན་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་འདི་ལས་ལས་བཀུར་ལས་བརྩི་དང་སྐྱེས་སུ་འབུལ་ཕོད་པའི་ངལ་རྩོལ་དཔེ་ལེགས་པའི་བསམ་པའི་སྙིང་སྟོབས་མཚོན་པར་བྱས་པ་དང་ཆབས་ཅིག མི་སྔར་ལས་མང་པོ་གྲོང་གསེབ་དར་སྤེལ་གྱི་ལས་ལ་ཞུགས་པ་དང་དབང་བོ་སྐྱོན་ཅན་གྱི་ལས་རིགས་གོང་སྤེལ་ལ་རམ་འདེགས་བྱེད་པར་སྐུལ་ཁྲིད་བྱས།   


热门新闻

热门图库

热门排行