ཏང་འཛུགས། 详情

གུང་ཧོ་རྫོང་གིས་ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་མཁར་གྲོང་འཛུགས་སྐྲུན་ལ་ཕན་བདེ་བསྐྲུན་པ།

ད་ལོའི་ཚུན་ལ། གུང་ཧོ་རྫོང་གིས་ཅན་བཅུའི་ཏང་འཛུགས་བྱ་བར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ལ་མཉམ་དུ་ཤུགས་སྣོན་དང་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ནས་སྡེ་ཁུལ་ཞབས་ཞུའི་བར་དང་། ཐོན་ལས་འཕེལ་རྒྱས་ནས་དམངས་ཚིས་དོ་ཁུར་བར་གཞི་རིམ་གྱི་ལག་ལེན་དངོས་ལ་བརྟེན་ནས་ཏང་འཛུགས་བྱ་བའི་ཁྱོན་ཡོངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བདེ་སྣང་མུ་མཐུད་དུ་མཐོ་རུ་བཏང་། 

ཚལ་རྔ་འགག་གྲོང་བརྡལ་ཚལ་རྔ་སྡེ་བ་རུ་ཅན་བཅུའི་ཏང་འཛུགས་ཀྱིས་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་སྒུལ་ཤུགས་བསྣན་ཡོད། ཏང་འཛུགས་ལ་བརྟེན་ནས་སྡེ་བའི་ནང་བེད་མེད་དུ་ལུས་པའི་ས་ཞིང་ཕན་སྒྱུར་དང་། ཁྱད་ལྡན་འདེབས་འཛུགས་ཀྱི་ཐོན་ལས་བཏོད་པ། ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ། སྡེ་མི་རང་འགུལ་ངང་སྡེ་བ་རིམ་པའི་འཛུགས་སྐྲུན་ཁྲོད་ཞུགས་ནས། གྲོང་གསེབ་དར་སྤེལ་ཐད་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་པས། བདེ་སྡོད་ལ་འཚམ་པའི་རྣམ་པ་གསར་པ་ཞིག་བཏོད་ཡོད།

གུང་རྫོང་ཚལ་རྔ་འགག་གྲོང་བརྡལ་ཏང་ཨུའི་རྩ་འཛུགས་ཨུ་ཡོན་སུའུ་རུང་གིས་བཤད་རྒྱུར།ཚལ་རྔ་འགག་གྲོང་བརྡལ་གྱིས་ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་མང་ཚོགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་དཀྱུས་མ3040སྡེ་ཁུལ་གྱི་བྱ་བའི་ཆེད་དོན་ཚན་ཆུང9ཡི་ནང་ཞུགས་སུ་བཅུག་ནས། གོ་རིམ་ལྡན་པའི་ངང་ལས་འགན་ཁག་ལ་སྐུལ་འདེད་བྱས་ཤིང་། དེའི་ཁྲོད་ཚལ་རྔ་སྡེ་བས་སྔ་མོ་ནས་གཉིས་ལྡན་མཉམ་སྐྲུན་བྱ་བའི་ལམ་སྲོལ་བཙུགས་ནས། སེའུ་སྐྱེད་ཚལ་འདེབས་འཛུགས་དང་སྔོ་ཚལ་ར་བ་མཉམ་སྤྱོད། སྡེ་བ་ལྗང་སྒྱུར་དང་དེ་བཞིན་སྐྱེ་ཁམས་ཁོར་ཡུག་གི་གཙང་སྦྲ་ལེགས་བཅོས་བཅས་ལ་དམ་པོར་དམིགས་ཏེ། མང་ཚོགས་དཀྱུས་མ་སྡེ་བའི་ལས་ཀར་ཞུགས་པའི་བརྩོན་སེམས་འདོན་སྤེལ་བཅས་བྱས་ཏེ། མང་ཚོགས་རྣམས་རང་ས་གནས་ཀྱི་བདག་པོ་རུ་གྱུར་ཡོད་ལ། ཏང་འཛུགས་ཀྱི་གྲུབ་འབྲས་དེ་སྡེ་བའི་རྣམ་པ་ལེགས་སྒྱུར་དང་ཐོན་ལས་དར་སྤེལ། མང་ཚོགས་ཕྱུག་འགྱུར་གྱི་ཕྱོགས་སུ་བསྒྱུར་ཡོད་ཟེར།

གྲོང་གསེབ་ལ་དར་སྤེལ་གྱི་མ་དཔེ་ཡོད་ལ། གྲོང་ཁུལ་ལ་དམངས་སེམས་དྲོ་བར་བྱེད་པའི་ཞབས་ཞུ་ཡོད། དུས་མཚུངས་སུ། མཁར་ཤར་སྡེ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་ཀྱི་བླང་བྱ་ལྟར། རྒན་པའི་ཚོགས་སྤྱི་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཉིན་རྒྱུན་གྱི་དགོས་མཁོར་དམིགས་ནས། ཏང་ཡོན་དང་བླངས་པ་རྩ་འཛུགས་བྱས་ཏེ་ཁྱིམ་དུ་རྒྱུན་རྣམ་ཅན་གྱི་ཞབས་ཞུ་སྒྲུབ་པ་དང་། ལྷག་པར་དུ་ཁེར་སྡོད་རྒན་པ་དང་དམིགས་གསལ་ཁྱིམ་ཚང་གི་ར་སྐོར་དང་ཁྱིམ་ལ་གཙང་སྦྲ་བྱེད་པ། ཁོ་ཚོར་འདུག་རོགས་དང་སེམས་གསོ་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་ནས། ཏང་གི་ཐུགས་ཁུར་དང་བརྩེ་སེམས་དེ་མང་ཚོགས་ཀྱི་གམ་དུ་བསྐྱལ་ཏེ། ཞིབ་ཚགས་ཀྱི་ཞབས་ཞུས་གཞི་རིམ་དམངས་ཚིས་བྱ་བར་རྨང་གཞི་བརྟན་པོ་བཏིངས་ནས། གྲོང་ཁུལ་གྱི་ཏང་འཛུགས་ཞབས་ཞུར་ཁྱད་ཆོས་གསར་པ་མངོན་པར་བྱས་ཡོད།

གུང་ཧོ་རྫོང་གིས་གནས་གཅིག་ཁྱོན་འཁྲིད་དང་ཁྱོན་ཡོངས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། གཞི་རིམ་དཔེ་སྟོན་གྱི་ཉམས་མྱོང་ཁྱབ་སྤེལ། གཅིག་བསྡུས་སྒོས་གཞི་རིམ་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས། དམངས་ཚིས་ཞབས་ཞུ་བཅས་དམ་འཛིན་བྱས་ཏེ། ཏང་ཡོན་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་མཁར་ཤང་མཉམ་འགུལ་གྱི་ཏང་འཛུགས་སྒྲིག་གཞི་གསར་པ་བཙུགས་ནས། ཅན་བཅུའི་ཏང་འཛུགས་ཀྱི་ཕན་འབྲས་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་བདེ་བསྐྲུན།


热门新闻

热门图库

热门排行