རང་ཁུལ་གྱིས་ལྔ་གཅིག་དང་ལྔ་བཞི་བསུ་བའི་རིག་རྩལ་འཁྲབ་སྟོན་སྤེལ་བ།
ཟླ4པའི་ཚེས29ཉིན་གྱི་སྔ་དྲོར། རང་ཁུལ་གྱིས་མཚོ་ལྷོ་ཁུལ་མཁར་བྱང་གསར་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་སྙན་འཇེབས་ཀྱི་གླུ་དབྱངས་དང་ལྡེམ་མྱུར་གྱི་གར་སྟབས་ཁྲོད།ལྔ་གཅིག་ངལ་རྩོལ་དུས་ཆེན་དང་ལྔ་བཞི་ན་གཞོན་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་ཏེ། དུས་རབས་གསར་པའི་ན་གཞོན་ཚོའི་ཡར་ཐོན་བརྩོན་ལེན་གྱི་སྙིང་སྟོབས་མངོན་པར་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱི་རྒྱལ་གཅེས་བརྩེ་སེམས་ཀྱང་མཚོན་པར་བྱས་པས། ཡུལ་དངོས་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།


