གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་པ།

   ཟླ4པའི་ཚེས27ཉིན་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་པ་དང་།  ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ཆར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།  འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

  ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱི་ཝུའུ་ཡི་འཕེལ་རྒྱས་ཀྱི་ཉམས་མྱོང་ཞེས་པར་སྔར་བས་སྤྱི་བསྡོམས་དང་བེད་སྤྱོད་ཡག་པོ་བྱ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་ལྔ་བའི་འབྲེལ་ཡོད་དོན་ཚན། དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ས་གནས་ལས་དོན་སྤེལ་བའི་སྐབས་ཀྱི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་བཅས་ཀྱིས་ང་ཚོར་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ།  ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་རྒྱ་བསྐྱེད་པ། གཞི་རིམ་གྱི་གསོན་ཤུགས་འཕེལ་བར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་བཅས་ལ་ཁ་ཕྱོགས་བསྟན་ཞིང་།  ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཁྲིད་སྟོན་དུ་བཟུང་སྟེ།  ཁུལ་ཨུའི་ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་དམ་འཛིན་བྱེད་པ།  མང་ཚོགས་ཀྱི་རེ་བ་དང་སེམས་ཁྲལ་གྱི་གནད་དོན་སེམས་ཞིབ་མོས་ཐག་བཅད་དེ།  ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་འདུ་ལས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཉེ་ཆར་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་ཏུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་ནང་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ཉམས་ལེན་བྱས་ཏེ།  མཚོ་ལྷོ་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས།  དམངས་ཚིས་དང་ཚན་རྩལ།  སྐྱེ་ཁམས།  འཕེལ་རྒྱས་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པར་མ་ཟད།  གཟབ་ནན་གྱི་བྱ་བའི་སྤྱོད་ཚུལ་དང་དངོས་གཉེར་གྱི་བྱ་བའི་བྱེད་ཐབས།  ཆེས་མཐོ་བའི་བྱ་བའི་ཚད་གཞི་བཅས་ལ་བརྟེན་ཏེ།  ཁུལ་ཡོངས་ཀྱི་བྱ་བ་སོ་སོའི་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་བཏང་ནས།  ཞིང་ཆེན་ཏང་ཨུའི་ཇུས་ཆོད་དང་བཀོད་སྒྲིག་ཁག་མཚོ་ལྷོ་ཁུལ་དུ་ལག་བསྟར་དང་ཕན་འབྲས་ཐོན་པར་འགན་སྲུང་བྱ་དགོས་ཞེས་བླང་བྱ་བཏོན།

  ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཞིབ་བྱས་པ་ལས་བཏོན་པའི་བསམ་འཆར་གྱི་དག་ཐེར་ལེགས་བཅོས་བྱ་བར་དོ་སྣང་བྱས་ཏེ། རྒྱུན་མཐུད་ཤུགས་འདོན་དང་སྙིང་རུས་ལྷོད་མེད།  ཕྱོགས་ཡོངས་ནས་དག་ཐེར་ལེགས་བཅོས་བྱ་དགོས་ཤིང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་དག་ཐེར་ལེགས་བཅོས་ཀྱི་ཆབ་སྲིད་འགན་འཁྲི་ཁུར་དུ་བླངས་ཏེ། དག་ཐེར་ལེགས་བཅོས་བྱ་བ་དེ་སྐྱེ་ཁམས་སྲུང་སྐྱོང་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ། གཞི་རིམ་བཅོས་སྐྱོང་བཅས་ཀྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱ་དགོས།  གནད་དོན་གྱི་ཆད་ལྷག་ལ་གཞིགས་ནས། གནད་དོན་གྱི་རྩིས་ཐོ་དང་འོས་འགན་གྱི་རྩིས་ཐོ། འགན་འཁྲིའི་རྩིས་ཐོ། དུས་བཅད་ཀྱི་རེ་བ་བཅས་ལ་ཞིབ་བསྡུར་བྱས་ཏེ། དུས་ཚོད་དམ་འཛིན་སྒོས་བཟོ་སྐྲུན་གྱི་བྱ་བ་བསྒྲུབས་ནས་གདུབ་ཟུམ་དོ་དམ་གྱི་རྣམ་པ་ཞིག་ཆགས་ནས། བཅོས་སྐྱོང་བྱ་བ་གཟབ་ནན་གྱིས་འཛིན་དགོས། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་རྣམ་ཅན་གྱིས་རྨང་གཞི་ཇེ་བརྟན་དང་སྤུས་ཚད་མཐོར་འདེགས་སུ་བཏང་ནས། གཅིག་ཤེས་ཀུན་གྲོལ་གྱི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། ལས་གཞིའི་འཛུགས་སྐྲུན། དམངས་ཚིས་ལེགས་བཅོས། སྤྱོད་ཚུལ་འཛུགས་སྐྲུན། ཕྱོགས་ཡོངས་གཟབ་ནན་གྱིས་ཏང་སྐྱོང་བ་སོགས་ཀྱི་ཁྱབ་ཁོངས་སུ་གནས་པའི་རིགས་གཅིག་པའི་གནད་དོན་ལ་གྲལ་བཤེར་བྱས་ཏེ་བཅོས་སྐྱོང་བྱ་དགོས། ཕྱོགས་སོ་སོའི་འགན་འཁྲི་ལག་བསྟར་བྱེད་པ་དང་གཟབ་ནན་གྱིས་འགན་འཁྲི་རྩད་གཅོད་བྱས་ནས། བཅོས་སྐྱོང་གི་གྲུབ་འབྲས་དེ་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས་ཞེས་བསྟན།

   ཚོགས་འདུ་ལས་སློབ་རའི་ཟ་མར་འགན་སྲུང་བྱེད་པ་དང་། ཟུར་ཁྲིད་ཀྱི་བསླབ་དེབ་དང་སློབ་ལྭ་བཅས་ཀྱི་ཐད་གནས་པའི་རྙོག་འཛིང་གི་རྣམ་པ་བཅོས་སྐྱོང་བྱེད་པ། ཞིང་སྡེ་དང་འབྲོག་ཁུལ་གྱི་ཆུ་འདོན་ལེགས་བཅོས་བྱེད་པ་བཅས་རྣམ་གྲངས་གསུམ་གྱི་བྱ་བ་ནི་དམངས་ཚིས་དམངས་སེམས་དང་རིགས་སོ་སོའི་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། མཚོ་ལྷོའི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བ་དམ་པོ་ཡོད་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆེས་གཟབ་ནན་བཞིའི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས། ཁུལ་ཡོངས་ཀྱི་བཅོས་སྐྱོང་གཙོ་གནད་ལྟར། ཟས་རིགས་རྒྱུ་ཆ་ཉོ་སྒྲུབ་དང་ཟུར་ཁྲིད་ཀྱི་བསླབ་དེབ་མངག་ཉོ། སློབ་ལྭ་ཉོ་སྒྲུབ། ཆུ་འདོན་ལེགས་བཅོས་སོགས་ཀྱི་དོན་དག་ལ་གཞིགས་ནས་བྱ་བ་སོ་སོ་ལེགས་པོར་སྒྲུབ་ཏེ།སློབ་མའི་སྤུས་ལེགས་ཟ་མ་བཟའ་ཐུབ་པ་དང་མང་ཚོགས་ཀྱིས་སྤུས་ལེགས་ཆུ་འཐུང་ཐུབ་པར་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

   ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་དོན་འཁྱོལ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་བརྟན་པོར་བཙུགས་ནས། དུས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ཏེ། སྡེ་བ་དང་སྡེ་ཁུལ་གྱི་ཆེད་དོན་བྱ་བའི་ལས་སྒྲུབ་ཚན་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྡེ་བ་རིམ་པའི་འཕྲལ་བསྟུན་རུ་ཁག་དང་བརྡ་གཏོང་རུ་ཁག་འཛུགས་པ་དང་། ས་གཤིས་གནོད་འཚེའི་བྱུར་རྐྱེན་ལ་གྲལ་བཤེར་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་སོགས་ཀྱི་བྱ་བར་དམ་འཛིན་བྱས་ཏེ། བདེ་འཇགས་དོན་རྐྱེན་སྣ་ཚོགས་ཀྱི་འབྱུང་བར་སྔོན་འགོག་བྱ་དགོས་ཞེས་བླང་བྱ་བཏོན།

   ཚོགས་འདུ་ལས་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།


热门新闻

热门图库

热门排行