ཏང་འཛུགས། 详情

གུང་ཧོ་རྫོང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན།

    གུང་ཧོ་རྫོང་ཚལ་རྔ་འགག་གྲོང་བརྡལ་གྱིས་ཏང་འཛུགས་སྣེ་ཁྲིད་ལ་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཙུགས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་སུ་བཏང་བ་དང་། ཐོན་ལས་སྣ་མང་ལ་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྒུལ་ནུས་གསར་པ་བསྣན། 

      གུང་ཧོ་རྫོང་ཚལ་རྔ་འགག་གྲོང་བརྡལ་ལུང་གཡང་སྡེ་གསར་གྱི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཝང་ཀུའེ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོའི་ལུང་ཁོག་འདིར་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏང་རྒྱུ་ཧ་ཅང་དཀའ་ཞིང་། ཡུལ་སྐོར་ལས་རིགས་དང་གསོ་སྤེལ་ལས་རིགས། འདེབས་འཛུགས་ར་བ་བཅས་ཀྱི་ལས་རིགས་འདི་དག་གཉེར་བར་དེ་ལས་ཀྱང་དཀའ་ཁག་ཆེ་མོད། འོན་ཀྱང་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་དེ། ཏང་དང་མང་ཚོགས་ཀྱི་བློ་སེམས་གཅིག་ལ་ཕྱོགས་ཤིང་། ལོ་འདི་འགའི་རིང་གི་འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་འདི་དག་གཞི་ཁྱོན་ཅན་ཞིག་ཏུ་གྱུར་ཡོད།

     ཚལ་རྔ་འགག་གྲོང་བརྡལ་ལུང་གཡང་སྡེ་གསར་དུ་གནས་པའི་ཡོན་ཚའེ་གླིང་གིས་ཚོང་གཉེར་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་ལས། ཏང་རྩ་འཛུགས་དང་ཁེ་ལས། ཕྱུག་འགྱུར་སྣེ་ཁྲིད་པ། ཞིང་ཁྱིམ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཕལ་ཆེར་གྲུབ་ཡོད། 2023ལོའི་ཟླ6པར་ཚོང་གཉེར་བྱེད་མགོ་བརྩམས་པ་ནས་བཟུང་། གནས་འདིར་མ་དངུལ་སྒོར་ཁྲི2100བཏང་ནས་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ2900ལས་བརྒལ་བའི་ལྗོངས་གཟིགས་དམངས་སྲོལ་མགྲོན་ཁང་འཛུགས་སྐྲུན་བྱས་ཏེ། ལུང་གཡང་སྡེ་གསར་གྱི་ཁྱིམ་ཚང232ཀྱི་སྡེ་མི807ཐུན་མོང་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

       གུང་ཧོ་རྫོང་ཚལ་རྔ་འགག་གྲོང་བརྡལ་ལུང་གཡང་སྡེ་གསར་གྱི་སྡེ་མི་དབང་ཕྱུག་གིས་བཤད་རྒྱུར། ཡོན་ཚའེ་གླིང་དུ་ཞོར་ལས་བྱས་ན་ཟླ་རེར་སྒོར4500ཡས་མས་ཀྱི་ཟླ་ཕོགས་ཡོད་ལ། ཉིན་དཀར་གནས་འདིར་ཡོང་ནས་ཞོར་ལས་བྱེད་པའི་ཞོར་དུ་རང་ཁྱིམ་ལའང་བདག་སྐྱོང་བྱ་ཐུབ་པས། སྡེ་བའི་ཡོན་ཚའེ་གླིང་གིས་ང་ཚོར་ཡོང་སྒོ་འཚོལ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད་ཟེར།

    སྔར་ཡོད་ཐོན་ལས་ཀྱི་རྨང་གཞི་བརྟན་པོར་གཏོང་བའི་ཐད། སྡེ་བས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ལ་འཆར་འགོད་བྱས་ཏེ། དུས་མཚམས་རང་བཞིན་གྱི་ཐོན་ལས་གསོ་སྐྱོང་འཆར་གཞི་བཟོས་ནས་འཕེལ་རྒྱས་ཀྱི་ལས་རྣམ་མུ་མཐུད་དུ་རྒྱ་ཆེར་བཏང་ཡོད།

      གུང་ཧོ་རྫོང་ཚལ་རྔ་འགག་གྲོང་བརྡལ་ལུང་གཡང་སྡེ་གསར་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཀའེ་ཧྥའུ་ཡིས་བཤད་རྒྱུར། ང་ཚོ་སྡེ་བས་ལོ་གཉིས་རེར་སྡེ་བའི་ཐུན་མོང་དཔལ་འབྱོར་དར་སྤེལ་དུ་གཏོང་བའི་ཐོན་ལས་རེ་གཏོད་རྩིས་ཡོད་པ་དང་། ང་ཚོས་ད་དུང་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས་གཉེར་བར་འཆར་འགོད་བྱས་ཤིང་། 2024ལོ་དང2025ལོའི་ལོ་གཉིས་རིང་གི་འཕེལ་རྒྱས་བརྒྱུད། ང་ཚོའི་མུའུ་བརྒྱ་ཅན་གྱི་འདེབས་འཛུགས་ར་བ་ལེགས་འགྲུབ་བྱུང་ནས་ནགས་རའི་བྱ་རིགས་གསོ་སྤེལ་བྱེད་མགོ་བརྩམས་པ་ཡིན། རྗེས་མར་ང་ཚོས2026ལོའི་ལོ་སྨད་དང2027ལོར་སྤྲོ་གསེང་གླིང་ཀ་དང་སྲོ་སྐམ་ར་བ་སོགས་བསྐྲུན་རྩིས་ཡོད་ལ། ང་ཚོ་ཚལ་རྔ་འགག་གི་འདེབས་འཛུགས་ར་བ་ཁྱོན་བསྡོམས་མུའུ་སྟོང་ལྷག་ལ་ཉེ་བ་དང་། ལོ་རེའི་ཤིང་ཏོག་ཕྱིར་འཚོང་བྱེད་པར་དཀའ་ཁག་ལྡན་པའི་རྐྱེན་གྱིས།ང་ཚོས་འདི་ལྟ་བུའི་ཟས་རིགས་ལས་སྣོན་བྱེད་སའི་སྲོ་སྐམ་ར་བ་ཞིག་འཛུགས་སྐྲུན་བྱ་རྩིས་ཡོད་ཟེར།


热门新闻

热门图库

热门排行