ལེ་པཱ་ནུན་གྱིས་དབྱི་སི་རལ་གྱི་འཇབ་རྒོལ་ལས་ལེ་པཱ་ནུན་གྱི་མི2500རྐྱེན་ལམ་དུ་ཤོར་བར་བསྟན།
ལེ་པཱ་ནུན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་ཚེས26ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་ལྷོ་རྒྱུད་ལ་བར་སྣང་འཇབ་རྒོལ་ཐེངས་མང་བྱས་ནས་མི14རྐྱེན་ལམ་དུ་ཤོར། ཟླ3པའི་ཚེས2ཉིན་ནས་བཟུང་། དབྱི་སི་རལ་གྱི་དམག་དཔུང་གིས་འཇབ་རྒོལ་བྱས་པ་ལས་ལེ་པཱ་ནུན་གྱི་མི2509རྐྱེན་ལམ་དུ་ཤོར་བ་དང་མི7700ལྷག་ལ་རྨས་ཕོག་ཡོད་པ་བསྟན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་རྒྱུད་དུ་ཡོད་པའི་མཁར་གྲོང་མང་པོའི་གྲོང་མི་ལ་མཁར་གྲོང་ལས་འབུད་དགོས་པའི་རེ་བ་བཏོན་པ་དང་། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་དྲག་ཆས་དམག་དཔུང་ལ་འགུལ་སྐྱོད་དྲག་པོ་སྤེལ་རྒྱུ་ཡིན་པ་བསྟན།