སྒྲོན་བརྙན། 详情

ལི་ཞིས་ཨུ་རུ་སུ་དཀར་པོའི་སྲིད་འཛིན་གཞུང་ལས་ཐིང་གི་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་བ།

500446322_74b1d130-3692-45f9-a594-6824374db3e9.jpg

ཟླ4པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ལི་ཞི་ཡིས་པེ་ཅིན་ཏུ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཁི་ལུའུ་ཐའོ་དབྱི་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ལི་ཞི་ཡིས་ཚེས27ཉིན་པེ་ཅིན་ཏུ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་གཞུང་ལས་ཐིང་གི་ཀྲུའུ་རེན་ཁི་ལུའུ་ཐའོ་དབྱི་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་།

ལི་ཞི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ལུའུ་ཁ་ཧྲིན་ཁོའི་ཐུན་མོང་གི་ཇུས་འགོད་དང་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་དུས་ཀུན་ཅན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོན་པོས་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོས་ཨུ་རུ་སུ་དཀར་པོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གཙོ་གནད་ཐུགས་ཁུར་གནད་དོན་ཐད་མུ་མཐུད་དུ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དང་སྤུས་ཚད་མཐོ་བའི་སྒོ་ནས"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་ལ་ཤུགས་བསྣན་ཏེ། ཕྱོགས་མང་མཐུན་སྦྱོར་དམ་ཟབ་དང་ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བར་མུ་མཐུད་དུ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ལི་ཞི་ཡིས་ད་རུང"ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"འཆར་འགོད་རྩ་གནད་དང་ཀྲུང་གོ་གུང་ཁྲན་ཏང་གིས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་བློ་ཐག་རྦད་ཆོད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཁི་ལུའུ་ཐའོ་དབྱི་ཡིས་བསྟན་དོན། ཨུ་རུ་སུ་དཀར་པོས་ཨུ་རུ་སུ་དཀར་པོ་དང་ཀྲུང་གོའི་དུས་ཀུན་ཅན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་འབད་བརྩོན་བྱེད་ཀྱིན་ཡོད་ལ། ཀྲུང་གོས་རྒྱལ་ཁབ་བཅོས་སྐྱོང་དང་ཏང་འཛུགས་སོགས་ཐད་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། ཨུ་རུ་སུ་དཀར་པོ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད། །


热门新闻

热门图库

热门排行