གུང་ཧོ་རྫོང་གིས་ཁོར་ཡུག་གཙང་བཟོ་པ280ལྷག་ལ་ལྔ་གཅིག་དུས་ཆེན་གྱི་ལེགས་སྐྱེས་ཕུལ་བ།

ལྔ་གཅིག་སྟེ་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སླེབས་ལ་ཉེ་སྐབས།གུང་ཧོ་རྫོང་འཕེལ་རྒྱས་དང་བཅོས་བསྒྱུར་ཅུའུ་དང་།སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུའུ་བཅས་ཀྱིས་མཚོ་སྔོན་ཨེ་ནེ་ཧྲ་ཟས་རིགས་ལས་སྣོན་ཚད་ཡོད་ཀུང་ཟི་སོགས་བརྩེ་སེམས་ལྡན་པའི་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ།གུང་ཧོ་རྫོང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་དུ་ལྔ་གཅིག་ལ་དྲོད་སྐྱིད་སྐྱེལ་ཞེས་པའི་འཚམས་འདྲིའི་བྱ་འགུལ་སྤེལ་ཏེ་རྫོང་ཡོངས་ཀྱི་ཁོར་ཡུག་གཙང་བཟོ་པ280ལྷག་ལ་དུས་ཆེན་གྱི་ལེགས་སྐྱེས་ཕུལ་བ་རེད།