གཙོ་གནད།2 详情

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས86པ་བསྡུས།

   ཟླ4པའི་ཚེས27ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པས་ཏང་ཙུའུ་གྲོས་ཚོགས་ཐེངས86པ་བསྡུས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་མཱ་ཅན་ཧུང་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཧྥན་རུན་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་ཀེང་ཧྲེང་ཁྲེང་དང་མཁས་ཆེན་དོན་འགྲུབ་བཅས་གྲོས་ཚོགས་སུ་ཞུགས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གསེར་མཚོ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་འཁུར་བ་བཅས་ཚོགས་འདུར་ཟུར་ཞུགས་བྱས། ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་གཅིག་བསྡུས་སློབ་སྦྱོང་ལ་ཞུགས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་གསར་ཁུལ་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞུང་ཨན་གསར་ཁུལ་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ། རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་ཁྲིད་མགོ་རྩོམ་པའི་མཛད་སྒོ། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེན་ལི་ཝུན་དང་མཇལ་འཛོམས་གནང་བ་སོགས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། 《ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱ་རྒྱུའི་སྐོར་གྱི་རྒྱས་བཤད་བདམས་སྒྲིག》《ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གླེང་བ》ཞེས་པའི་ལེའུ་ཁག་ཅིག་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བརྗེའི་འདེམས་བསྐོའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་དང་འབྲེལ་ཡོད་མགོ་ཁྲིད་ཀྱི་གསུང་བཤད། ཡིག་ཆའི་དགོངས་དོན་དང་དཔེ་མཚོན། དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

གྲོས་ཚོགས་ལས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་ཀྱི་ཏང་ཙུའུ་ཡིས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དེའི་འབྲེལ་ཡོད་རྣམ་བཤད་གལ་ཆེན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་ལེགས་པོ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཏང་འཛུགས་གྲོས་ཚོགས་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ། དམིགས་འབེན་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས། སློབ་སྦྱོང་དང་ཞིབ་བཤེར་ཡོ་བསྲང་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་འགན་འཁྲི་སྒྲུབ་པའི་ཕན་འབྲས་སུ་འགྱུར་བར་བྱ་དགོས། རྫོང་དང་ཤང་རིམ་པའི་དམངས་ཆེན་གྱི་སྐབས་བརྗེའི་བྱ་བ་དམ་འཛིན་ལེགས་པོ་བྱ་དགོས། ཀྲུའུ་རེན་གྲོས་ཚོགས་ཀྱི་ཁོངས་མིས་རྫོང་དང་མཉམ་འབྲེལ་བྱེད་པའི་བྱ་བའི་བཀོད་སྒྲིག་ལྟར། ལས་འགན་གཙོ་བོ་དང་འགག་རྩའི་གནད་དོན་ལ་དམ་པོར་དམིགས་ཏེ། རྫོང་ཁག་དང་རྫོང་རིམ་པའི་དམངས་ཆེན་གྱི་སྐབས་བརྗེའི་བྱ་བར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐབས་བརྗེའི་འདེམས་བསྐོའི་བྱ་བ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་བར་ཁག་ཐེག་བྱ་དགོས།  སེམས་ཤུགས་གཅིག་སྒྲིལ་གྱིས་མིག་སྔའི་གཙོ་གནད་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་།   ལོ་རེའི་ལྟ་སྐུལ་འཆར་གཞི་ལྟར་ལྟ་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གི་ལྟ་སྐུལ་བྱ་བ་ཁག་གོ་རིམ་ལྡན་པའི་ངང་སྤེལ་དགོས། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་གྱི་ལྟ་སྐུལ་དང་རྩིས་བཤེར། ལྟ་ཞིབ། སྐོར་ཞིབ་སོགས་ཀྱི་ལྟ་སྐུལ་འབྲེལ་མཐུད་མཐུན་སྦྱོར་ལམ་སྲོལ་འཛུགས་སྐྱོང་ལ་ཞིབ་འཇུག་དང་ཇུས་འགོད་ནན་ཏན་བྱས་ནས་ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་གཏོང་དགོས། རིམ་པ་ཁག་གི་དམངས་ཆེན་འཐུས་མིས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས།    འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་སོགས་ལ་དམིགས་ནས་ཁྱད་ལྡན་འགན་འཁྲི་སྒྲུབ་པའི་བྱེད་སྒོ་སྤེལ་བར་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་བ་དང་ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་བར་རམ་འདེགས་བྱ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་དུང་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཐེངས65པའི་ཞིབ་འཇུག་བྱ་རྒྱུའི་དོན་ཚན་ལའང་ཞིབ་བཤེར་གཏན་འབེབས་བྱས།


热门新闻

热门图库

热门排行