པར་རིས་གསལ་བཤད། 详情

བ་རིང་ཆུ་འདྲེན་ནུས་གསོག་གློག་འདོན་ས་ཚིགས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་གྲྭ་ལེགས་འགྲུབ་བྱུང་བ།

2026-04-28 15:28:36 来源: 作者: 编辑:超级管理员

   


   一版照片.jpgཟླ4ཚེས20ཉིན།ཀྲུང་གོ་ལྕགས་ལམ་ཅུའུ་བཅུ་གཅིག་པས་འཛུགས་སྐྲུན་འགན་འཁུར་བའི་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་འཁོར་སྒྲིག་ནུས་ཚད་ཀྱི་གཞི་རྒྱ་ཆེས་ཆེ་ཤོས་ཀྱི་ཆུ་འདྲེན་ནུས་གསོག་གློག་འདོན་ས་ཚིགས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་གྲྭ་སྟེ།བ་རིང་ཆུ་འདྲེན་ནུས་གསོག་གློག་འདོན་ས་ཚིགས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་གྲྭ་ལེགས་འགྲུབ་བྱུང་ནས་རྩིས་སྤྲོད་བྱས་པ་དེས་རྗེས་ཕྱོགས་ཀྱི་གློག་འདོན་ས་ཚིགས་ཀྱི་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ཡོད། གློག་འདོན་ས་ཚིགས་དེ་ཀོས་ནན་རྫོང་གི་མངའ་ཁོངས་སུ་ཡོད་པ་དང་།དེའི་སྡོད་ཁང་འཛུགས་སྐྲུན་ལས་གྲྭ་ནི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པའི་རིང་གི་གཞུང་ལས་དང་སྡོད་གནས་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་རེད།

热门新闻

热门图库

热门排行