ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་པའི་མཐུན་ཚོགས་ཀྱི་གསོལ་སྟོན་ཐོག་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཨ་རིའི་སྲིད་འཛིན་ཕྱིར་བྲོས།
ཨ་རིའི་དུས་ཚོད་ཚེས25ཉིན་གྱི་དགོང་མོར། ཝ་ཧྲིན་ཏོན་དུ་འཚོགས་པའི་ཕོ་བྲང་དཀར་པོའི་གསར་འགོད་པའི་མཐུན་ཚོགས་ཀྱི་དགོང་མོའི་གསོལ་སྟོན་གྱི་སྐབས་སུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བས། གསོལ་སྟོན་ལ་ཞུགས་མཁན་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཁོའི་ལྕམ་མོ། ཨ་རིའི་སྲིད་འཛིན་གཞོན་པ་ཝན་སི་སོགས་བདེ་སྲུང་མི་སྣའི་སྲུང་སྐྱེལ་འོག་ཁ་བྲལ། ཡུལ་དངོས་མཐོང་མཁན་གྱིས་དེའི་རྗེས་སུ་གསོལ་སྟོན་སྔོན་ལ་མཇུག་སྒྲིལ་པ་དང་ཡུལ་དངོས་ཀྱི་མི་རྣམས་མྱུར་དུ་ཁ་འབྲལ་དགོས་པའི་རེ་བ་བཏོན་པར་བཤད།
ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་དང་། དམིགས་བསལ་ལས་སྒྲུབ་ཅུས། ཝ་ཧྲིན་ཏོན་ཉེན་རྟོག་ཅུས་བཅས་ཀྱིས་དོན་རྐྱེན་དེར་བརྟག་དཔྱད་བྱེད་བཞིན་ཡོད། ཐོག་མའི་བརྟག་དཔྱད་ལས་མངོན་པར། ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེ་ནས་ཡོང་བའི་སྐྱེས་པ་ཞིག་གིས་མེ་མདའ་དང་གྲི་ཆས་སོགས་འཁྱེར་ནས་དགོང་མོའི་གསོལ་སྟོན་གྱི་གསོལ་སྟོན་ཚོམས་ཆེན་གྱི་བདེ་འཇགས་ཞིབ་བཤེར་ཁྲུའུ་རུ་བསྐྱོད་དེ་ཁྲིམས་བསྟར་མི་སྣར་མེ་མདས་རྒྱག་རེས་བྱས་རྗེས་དབང་དུ་བསྡུས་པ་དང་། ཁྲིམས་བསྟར་མི་སྣ་ཞིག་ལ་མདེའུ་ཕོག་ཀྱང་ཚེ་སྲོག་གི་ཉེན་ཁ་མེད། ཞིབ་དཔྱོད་ཕྱོགས་ཀྱིས་གཏུམ་སྤྱོད་ཉེས་གསོག་ཁྲོད་མེ་མདའ་སྤྱོད་པ་དང་ཉེན་ཡོད་མཚོན་ཆ་སྤྱད་དེ་རྒྱལ་ཕྲན་མཉམ་འབྲེལ་གྱི་དཔོན་རིགས་ལ་འཇབ་རྒོལ་བྱེད་པ་སོགས་ཀྱི་ཉེས་མིང་ཐོག་ནས་མེ་མདའ་རྒྱག་མཁན་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་བཤད། ཁོ་ཚེས་ཉེར་བདུན་ཉིན་ཁྲིམས་རར་ཞུགས་རྒྱུ་རེད།
ཐི་ལང་ཕུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐོག་དོགས་ཡོད་ཉེས་ཅན་དེ་ནི་མི་གཅིག་པུ་འགུལ་སྐྱོད་བྱས་པ་ཡིན་པར་བཤད།