མཱ་ལིའི་རྒྱལ་སྲུང་བློན་ཆེན་ལ་འཇབ་རྒོལ་ཐེབས་ནས་ཚེ་ལས་འདས།
མཱ་ལིའི་བར་བརྒལ་སྲིད་གཞུང་གི་མགྲིན་ཚབ་པ། མངའ་ཁོངས་དོ་དམ་པུའུ་ཀྲང་ཁུའུ་ལེ་པཱ་ལེ་ཡིས་ཚེས26ཉིན་གྱི་དགོང་མོར་བདེན་དཔང་བྱས་དོན། མཱ་ལིའི་རྒྱལ་སྲུང་དང་དམག་དཔུང་ལས་ཕྱིར་བུད་པའི་ལས་དོན་གྱི་པུའུ་ཀྲང་སཱ་ཏིས་ཨོ་ཁཱ་མཱ་ལཱ་སྔ་ཉིན་གྱི་མཱ་ལིའི་ས་ཁུལ་མང་བོའི་དམག་དོན་དམིགས་འབེན་ལ་དམིགས་པའི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཁུའུ་ལེ་པཱ་ལེ་ཡིས་མཱ་ལི་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་སྒྲོག་འདོན་བྱས་པའི་སྲིད་གཞུང་གི་སྤྱི་སྒྲོག་ལྟར་ན། ཁཱ་མཱ་ལཱ་ནི་རྒྱལ་ས་པཱ་མཱ་ཁིའི་ཉེ་འདབས་ཀྱི་དམག་དོན་གྲོང་རྡལ་གཙོ་བོ་ཁཱ་ཏིས་ན་ཡོད་པའི་ཚེས25ཉིན་རླངས་འཁོར་འགས་གཏོར་ཐེབས་ནས་ཚེ་ལས་འདས་པ་ཡིན་ལ། ཁོར་འཇབ་རྒོལ་མཁན་དང་འཁྲུག་རྩོད་བྱེད་སྐབས་རྨས་ཕོག་པ་དང་སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཚེ་ལས་འདས་པ་རེད།
ཁཱ་མཱ་ལཱ་ནི་མཱ་ལིའི་བརྒལ་སྲིད་གཞུང་གི་ཁོངས་མི་གཙོ་བོ་ཡིན་པ་དང་། 2020ལོར་མཱ་ལི་རུ་སྲིད་འགྱུར་བྱུང་རྗེས། ཁོས་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བ་དང་། 2021ལོའི་ཟླ6པ་ནས་བཟུང་ཡང་བསྐྱར་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བ་རེད།
ཁུའུ་ལེ་པཱ་ལེ་ཡིས་ཁྱབ་བསྒྲགས་བྱས་དོན། མཱ་ལི་ཡིས་ཚེས27ཉིན་ནས་བཟུང་དུས་ཡུན་ཉིན་གཉིས་རིང་རྒྱལ་ཡོངས་སུ་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན་ཟེར།