གནད་བསྡུས། 详情

ཀོས་ནན་གྱིས་གནས་སྤོ་དུད་ཁྱིམ183གྱི་གཏན་འཇགས་རྒྱུ་ནོར་གྱི་དཔང་ཡིག་ལེན་དཀའ་བའི་གནད་དོན་ཐག་བཅད་པ།

2026-04-27 17:32:08 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན། མིག་སྔར། ཀོས་ནན་རྫོང་བྱ་མདོ་ཤང་དགོན་ཐང་སྡེ་བ་དང་སྡེ་མང་སྡེ་བའི་རུ་ཁག་བདུན་པའི་གནས་སྤོར་མང་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་ཐག་གཅོད་མ་ཐུབ་པའི་གཏན་འཇགས་རྒྱུ་ནོར་གྱི་དཔང་ཡིག་ལེན་དཀའ་བའི་གནད་དོན་ཐག་གཅོད་བྱེད་པར་མངོན་གསལ་གྱི་གྲུབ་འབྲས་ཐོབ། སྐབས་འདིར་སྡེ་བ་གཉིས་ཀྱི་དུད་ཁྱིམ183གྱི་དུས་ཡུན་ལོ་ངོ་ཉི་ཤུའི་རིང་གི་ཤུལ་ལུས་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་པ་བྱུང་།

ཀོས་ནན་རྫོང་བྱ་མདོ་ཤང་སྡེ་མང་སྡེ་བའི་མང་ཚོགས་སངས་རྒྱས་འབུམ་གྱིས་བཤད་རྒྱུར། བྱ་མདོ་ཤང་སྡེ་མང་སྡེ་བའི་རུ་ཁག་བདུན་པ2008ལོར་འདི་རུ་གནས་སྤར་བ་ཡིན་ལ། ལོ་མང་པོའི་རིང་ལ་གཏན་འཇགས་རྒྱུ་ནོར་གྱི་དཔང་ཡིག་གི་འགྲོ་ལུགས་སྒྲུབ་མ་ཐུབ། ད་ལོར་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཕྱོགས་མང་པོའི་མཐུན་སྦྱོར་ལ་བརྟེན་ནས། གཏན་འཇགས་རྒྱུ་ནོར་གྱི་དཔང་ཡིག་ང་ཚོའི་ལག་ཏུ་འབྱོར་བས་སེམས་གཏིང་ནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་ལ་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

 ཁུལ་དང་རྫོང་གི་མཉམ་འབྲེལ། ཁྱབ་ཁོངས་བརྒལ་བའི་མཐུན་སྦྱོར། སྡེ་ཁག་གི་འབྲེལ་མཐུད་བཅས་ཀྱི་བྱ་བའི་མཉམ་ཤུགས་འོག 2024ལོའི་ཟླ6པར། བསྐོར་ཁག་དང་པོའི་གནས་སྤོ་ཁྱིམ་ཚང92ཀྱིས་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་འཛིན་ཡིག་སྔོན་ལ་བླངས་པ་དེས་དཔེ་སྟོན་སྐུལ་ཁྲིད་ལ་ནུས་པ་བླ་ལྷག་ཐོན། 2026ལོའི་ཟླ3པའི་ཚེས19ཉིན། ལྷག་ཡོད་པའི་ཁྱིམ་ཚང89སྔོན་གྱི་ཞིབ་མཆན་འགོད་པའི་འགྲོ་ལུགས་དང་ཁྲིམས་འགལ་ངང་ས་དབང་སྒེར་འཛིན་བྱས་པའི་གནད་དོན་དེ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། གཏན་འཇགས་རྒྱུ་ནོར་གྱི་བདག་དབང་འཛིན་ཡིག་ལེན་པའི་ལས་དོན་དངོས་སུ་སྤེལ་མགོ་བརྩམས་པ་དེས་ལོ་ངོ་ཉི་ཤུའི་རིང་གི་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱས་པ་མཚོན་ཡོད།

ཀོས་ནན་རྫོང་གིས་ཐེངས་འདིའི་གནད་དོན་ཐག་གཅོད་བྱེད་པ་གོ་སྐབས་སུ་བཟུང་སྟེ། གནད་གཅིག་ལ་བརྟེན་ནས་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བའི་ཚུལ་གྱིས་རྫོང་བརྒལ་བཀོད་སྒྲིག་དང་ས་ཆའི་བདག་ཁོངས་དོ་དམ་སོགས་འཐུས་སྒོ་ཚང་བའི་ཡུན་ཕན་བྱ་བའི་ལམ་སྲོལ་བཙུགས་ཤིང་། རང་བྱུང་ཐོན་ཁུངས་བཅོས་སྐྱོང་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས། སྡེ་མང་སྡེ་བ་ལྟ་བུའི་སྡེ་བ་མང་པོ་ཞིག་གི་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱེད་པའི་ལམ་བུའི་སྟེང་བསྐྱོད་པར་མཐུན་རྐྱེན་གང་ལེགས་བསྐྲུན། མང་ཚོགས་ཀྱི་འཛུམ་མདངས་དང་ཞིང་ཁའི་ལོ་ཏོག་གི་སྐྱེ་སྟོབས། སྡེ་བའི་བརྟན་འཇགས་བཅས་ནི་དམངས་ཚིས་ལས་དོན་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ལྟ་བུར་གྱུར་ཡོད། །


热门新闻

热门图库

热门排行