གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་གུང་ཧོ་རྫོང་དུ་བྱ་བ་གཙོ་བོར་རྟོག་ཞིབ་བྱས་པ།

2026-04-27 17:26:42 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན། ཟླ4པའི་ཚེས23ཉིན་གྱི་སྔ་དྲོར།  ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་གུང་ཧོ་གནམ་གྲུ་ཐང་འཛུགས་སྐྲུན་དང་གསོག་ནུས་གློག་འདོན་ས་ཚིགས་འཁོར་སྐྱོད། དེ་མིན་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གྱི་གཅིག་སྡུད་བཅོས་སྐྱོང་།  གཞིས་ཁུལ་ཞབས་ཞུའི་འཁོར་སྐྱོད་སོགས་བྱ་བ་གཙོ་བོར་རྟོག་ཞིབ་དང་ལྟ་སྐུལ་སློབ་སྟོན་བྱས་ཤིང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།  ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་ནུས་ཁུངས་ལས་གཞིའི་གསོག་ནུས་ལེགས་སྒྲིག་གི་རམ་འདེགས་ལ་ཤུགས་བསྣན་ཏེ།  སློབ་རའི་ཟ་མའི་རྒྱུ་སྤུས་ལེགས་བཅོས་ལ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བ། རྒན་པ་དང་བྱིས་པའི་ཚོགས་སྤྱིའི་ཞབས་ཞུར་གྲུབ་འབྲས་ཐོབ་པར་བྱས་ནས།  སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཕན་འབྲས་སུ་འགྱུར་བར་བྱ་དགོས་ཞེས་བསྟན།

གུང་ཧོ་གནམ་གྲུ་ཐང་དུ་ཞུང་ཡོན་ལའེ་ཡིས་གནམ་གྲུ་ཐང་འཛུགས་སྐྲུན་དང་ཚོད་ལྟའི་འཕུར་སྐྱོད་ཀྱི་གྲ་སྒྲིག མཁའ་ལམ་རེ་ཞུ་བཅས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་ནན་ཏན་གྱིས་ཉན་ཞིང་།ཁོས་ས་ཁོངས་ཀྱི་དགེ་མཚན་ལ་རྐང་ཚུགས་པ་དང་ལངས་ཕྱོགས་མཐོན་པོའི་འཆར་འགོད།ཚད་གཞི་མཐོན་པོའི་འཛུགས་སྐྲུན།  ཆུ་ཚད་མཐོན་པོའི་འཁོར་སྐྱོད་བཅས་ཐུབ་པར་བྱས་ཏེ། གནམ་གྲུ་ཐང་གི་འཁོར་སྐྱོད་གྲ་སྒྲིག་དང་མཁའ་ལམ་གྱི་དྲ་རྒྱ་ལེགས་བཅོས།མི་སྣ་བསྡུ་ལེན་དང་གསོ་སྦྱོང་། མཐའ་འཁོར་ལྗང་སྒྱུར་བཅས་ཀྱི་བྱ་བ་གང་མགྱོགས་སྒོས་བསྒྲུབ་ནས། གནམ་གྲུ་ཐང་དུས་ལྟར་ལེགས་འགྲུབ་བྱུང་ནས་སྤྱོད་མགོ་ཚུགས་པར་འགན་སྲུང་བྱ་དགོས་ཤིང་། གུང་ཧོ་གནམ་གྲུ་ཐང་འཛུགས་སྐྲུན་ལས་གྲོང་ཁྱེར་གྱི་མཚན་སྙན་མཐོ་རུ་གཏོང་བ་དང་སྒོ་འབྱེད་ཀྱི་སྒེའུ་ཁུང་འཛུགས་སྐྲུན་གང་ལེགས་བྱས་ཏེ། མཚོ་ལྷོའི་སྣང་བརྙན་གང་ལེགས་སྒོས་མཚོན་པར་བྱེད་པ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་པར་བྱ་དགོས་ཞེས་བསྟན།  

འོད་ནུས་གླིང་ཁུལ་གྱི་ཅི་ཧུའེ་གསོག་ནུས་གློག་འདོན་ས་ཚིགས་སུ་ཞུང་ཡོན་ལའེ་ཡིས་གློག་འདོན་ས་ཚིགས་ཀྱི་བཀོད་སྒྲིག་དང་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་ཞིབ་མོ་བྱས་ཏེ། གློག་གི་ཉོ་ཚོང་དང་སྙོམས་སྒྲིག འཁོར་སྐྱོད་སྲུང་སྐྱོང་དོ་དམ།  བདེ་འཇགས་ཐོན་སྐྱེད་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་།  ཁོས་གསོག་ནུས་ལེགས་སྒྲིག་གི་རམ་འདེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  འོད་ནུས་ལས་གཞིའི་གསོག་ནུས་རམ་འདེགས་འཛུགས་སྐྲུན་ལེགས་པོར་བསྒྲུབ་པ་དང་ལེགས་སྒྲིག་གི་ནུས་པ་ཤུགས་དྲག་ཏུ་གཏོང་བ།བེད་སྤྱོད་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་བཅས་བྱས་ཏེ།  ནུས་ཁུངས་གསར་པའི་སྤྱིའི་གློག་འདོན་གྱི་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་བཏང་ནས།  ཁུལ་ཡོངས་ཀྱི་ནུས་ཁུངས་གསར་པའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་དགོས། གུང་ཧོ་རྫོང་མི་རིགས་སློབ་འབྲིང་དུ་ཞུང་ཡོན་ལའེ་ཡིས་རྫོང་ཡོངས་ཀྱི་སློབ་གསོའི་ལས་གཞི་གཙོ་བོའི་འཛུགས་སྐྲུན་དང་། སློབ་གསོའི་ཁྱབ་ཁོངས། མང་ཚོགས་མཐའ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱས་པའི་གནས་ཚུལ། སློབ་གསོའི་སྡེ་ཁག་གི་ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་བའི་གནས་ཚུལ་བཅས་ཀྱི་མཚམས་སྦྱོར་ལ་ཉན་པར་མ་ཟད། དགེ་སློབ་ཁ་ཤས་དང་མཉམ་དུ་བཞུགས་མོལ་བརྗེ་རེས་སྤེལ་ཏེ། སློབ་གྲོགས་ཚོར་ཕུགས་འདུན་ཆེན་པོ་བཅངས་ནས་སློབ་སྦྱོང་ལ་འབད་པ་བྱས་ཏེ།མ་འོངས་པར་མེས་རྒྱལ་དང་ཕ་ཡུལ་ལ་བྱས་རྗེས་འཇོག་དགོས་ཟེར། ཁོས་སློབ་གྲྭའི་ཆེད་དོན་བྱ་བའི་འགན་ནུས་མ་ལག་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་སློབ་གསོའི་སྡེ་ཁག སློབ་གྲྭ ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་སློབ་མ་སྐྱོང་བའི་ལམ་ལུགས་བཅས་འཐུས་ཚང་དུ་བཏང་ནས། བསམ་བློ་ཆབ་སྲིད་སློབ་གསོ་དང་། སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་སོགས་ཀྱི་བྱ་བ་བཅས་མཉམ་དུ་དམ་འཛིན་བྱས་ཏེ།སློབ་གྲྭའི་སློབ་གསོ་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། སློབ་གསོའི་མངའ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བྱས་ཏེ།བརྒྱུད་རིམ་ཡོངས་ཀྱི་བྱ་བའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ནས། ཁྱིམ་ཚང་དང་སློབ་གྲྭའི་མཉམ་སྐྱོང་བྱེད་པའི་སྣང་ཚུལ་ལེགས་པོ་ཞིག་ཆགས་པར་སྐུལ་འདེད་བྱ་དགོས་ཞེས་ནན་གྱིས་བསྟན། 

ཆབ་ཆ་གྲོང་བརྡལ་རྨ་ཆུའི་ལམ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ། ཞུང་ཡོན་ལའེ་ཡིས་སྡེ་ཁུལ་གྱི་རྒན་པ་དང་བྱིས་པའི་ཞབས་ཞུ་དང་ཅན་བཅུའི་ཏང་འཛུགས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོར་བྱས་ཤིང་། ཁོས་སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་རྩ་འཛུགས་མ་ལག་ཇེ་ལེགས་སུ་བཏང་ནས། ཅན་བཅུའི་ཏང་འཛུགས་བྱ་བ་དེ་གཙོ་གནད་དུ་བཟུང་སྟེ། སྡེ་ཁུལ་ཞབས་ཞུའི་བྱ་བའི་ནང་དུ་མངའ་ཁུལ་གྱི་མང་ཚོགས་ཞུགས་པར་སྐུལ་སློང་བྱས་ནས། བློ་གཅིག་སེམས་གཅིག་གིས་སྡེ་ཁུལ་ཞབས་ཞུའི་ཞན་ཆར་ལེགས་བཅོས་བྱས་ཏེ། མཉམ་འཛུགས་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་སྡེ་ཁུལ་ཞབས་ཞུའི་རྣམ་པ་གསར་པ་ཞིག་བསྐྲུན་པར་སྐུལ་འདེད་བྱ་དགོས་ཞེས་བླང་བྱ་བཏོན།

ཀའོ་ཡུང་ཧུང་དང་དགེ་འདུན་རྒྱལ་རྟོག་ཞིབ་ལ་ཞུགས། །


热门新闻

热门图库

热门排行