རྒྱལ་ནང་། 详情

རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་ཆེད་དོན་བཤམས་སྟོན་ཁང་ཐོག་མ་ལྷ་སར་སྒོ་ཕྱེ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས24ཉིན། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་ཆེད་དོན་བཤམས་སྟོན་ཁང་ཐོག་མ་སྟེ། བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་དེ་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)དུ་དངོས་སུ་སྒོ་ཕྱེ་བ་རེད། བཤམས་སྟོན་ཁང་དེར་རིག་གཞུང་ཞིབ་འཇུག་དང་། སློབ་ཁྲིད་ལག་ལེན། རིག་གནས་ཁྱབ་གདལ་བཅས་གཞི་གཅིག་ཏུ་འདུས་ཡོད་པ་མ་ཟད། བཤམ་རྫས3000ལྷག་ཉར་ཚགས་བྱས་ཡོད།

བཤམས་སྟོན་ཁང་གིས་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་གཞིགས་ནས་བོད་སྐད་ཡིག་གི་བྱུང་འཕེལ་དང་། སློབ་སྦྱོང་བེད་སྤྱོད། རྒྱུན་འཛིན་སྲུང་སྐྱོང་བཅས་བརྗོད་དོན་གཙོ་བོ་ཆེན་པོ་གསུམ་ལ་ཕྱེ་ནས་བསྡོམས་པས་འགྲེམས་སྟེགས10བཀོད་སྒྲིག་བྱས་ཡོད་ཅིང་། དེའི་བོད་ཡིག་གསར་བཟོ་ནས་ཆ་འཕྲིན་ཅན་དུ་བེད་སྤྱོད་པའི་བར་གྱི་འཕེལ་རྒྱས་བརྒྱུད་རིམ་གསལ་པོར་བྱས་ཏེ་མི་རིགས་སོ་སོའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཐོན་པའི་ནུས་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། དེ་དང་ཆབས་ཅིག བཤམས་སྟོན་ཁང་གིས་ཀྲུང་གོ་སྲིད་གཞུང་གི་བོད་ལྗོངས་ཀྱི་རྒྱབ་ཤ་དཀར་པོའི་དེབ་མང་པོ་དབང་གྲགས་ལྡན་པའི་གཞི་འཛིན་སར་བྱས་ཏེ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་ཚུན་ཏང་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་རྒྱབ་སྐྱོར་འོག བོད་ཀྱི་སྐད་ཡིག་ལས་དོན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཚུལ་མངོན་པར་བྱས་ཡོད།

“བོད་སྐད་ཡིག་ནི་བོད་ཀྱི་རིག་གནས་ཀྱི་རྩ་བ་ཡིན་ལ། ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་ཆེན་མོའི་རིག་གནས་བང་མཛོད་ཀྱི་འོད་མདངས་བཀྲ་བའི་མུ་ཏིག་ཅིག་ཀྱང་ཡིན”རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ལོ་ཙཱ་བ་གྲགས་ཅན་ཚེ་རིང་དོན་གྲུབ་ཀྱིས་ཐེངས་འདིར་བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་དངོས་སུ་སྒོ་ཕྱེས་ཐུབ་པ་དེས་ཁོའི་ལོ་མང་རིང་གི་བསམ་འདུན་མངོན་འགྱུར་བྱུང་ཡོད། བཤམས་སྟོན་ཁང་ནི་འགྲེམ་སྟོན་གྱི་སྐར་ཁུང་ཁོ་ན་མིན་པར། དེ་ནི་བོད་སྐད་ཡིག་སློབ་སྦྱོང་ཞིབ་འཇུག་དང་རྒྱུན་འཛིན་འཕེལ་རྒྱས་ཀྱི་གཡུལ་ས་གལ་ཆེན་ཡིན་པས། བོད་སྐད་ཡིག་སྲུང་སྐྱོང་དང་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་པར་སྐུལ་འདེད་གཏོང་ཐུབ་ཅེས་བཤད། །


热门新闻

热门图库

热门排行