ཚའེ་ཆི་ཡིས་ཧྲན་ཞི་ཏ་ཐུང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས23ཉིན་ནས24ཉིན་བར་ཧྲན་ཞི་ཏ་ཐུང་གྲོང་ཁྱེར་དུ་ཡང་དག་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བར་རྟོག་ཞིབ་ཞིབ་བཤེར་གནང་། ཁོང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དམ་པ་དོན་གཉེར”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་རིགས་དབྱེའི་མཛུབ་སྟོན་ལ་ཤུགས་བསྣན་ཏེ་སློབ་བཤེར་བསྒྱུར་གསུམ་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས།
ཚའེ་ཆི་ཏ་ཐུང་གྲོང་ཁྱེར་ཕིན་ཁྲེང་ཆུས་ཝུན་ཞིན་མཁར་སྡེ་དང་། གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་སོགས་སུ་ཕེབས་ནས། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་མྱུར་སྐྱེལ་པ། ཟས་སྐྱེལ་མཁན་རྣམས་དང་བསམ་བློ་བརྗེ་རེས་གནང་། ཁོང་གིས་བསྟན་དོན། མང་ཚོགས་ལ་ཁ་ཕྱོགས་ནས་ཞབས་ཞུ་ལེགས་པོ་བསྒྲུབ་དགོས་པ་དང་། མཁར་སྡེ་ལས་སྒྲུབ་པའི་སྟོབས་ཤུགས་འདི་ལེགས་པར་བེད་སྤྱོད་བྱེད་དགོས། ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་རྩོལ་ལ་བརྩི་འཇོག་བྱས་ནས་ཐུགས་ཁུར་དང་གཅེས་སྐྱོང་ལ་ཤུགས་སྣོན་དགོས། དབྱང་ཀའོ་རྫོང་ལུང་ཆོན་བཟོ་ལས་གླིང་ཁུལ་དུ། ཁོང་གིས་བསྟན་དོན། གླིང་ཁུལ་གྱིས་ཏང་འཛུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པར་མ་དངུལ་ནང་འདྲེན་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་དམ་འཛིན་ལེགས་པོ་བྱེད་པར་དོ་སྣང་བྱེད་དགོས། ཏ་ཐུང་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་སྒྲུབ་པུའུ་དང་གྲོང་ཁྱེར་ཡིག་སྐུར་ངོ་གཏུག་ཅུས་སུ། ཁོང་གིས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་བྱ་བ་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། སྤྱི་ཚོགས་ལས་སྒྲུབ་སྡེ་ཁག་དེ་ལས་ཞུགས་ཚོགས་སྤྱི་གསར་པའི་གཞིས་ཁྱིམ་དུ་འགྱུར་བར་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་བདེ་སྡུག་དེ་སྒོ་འགྲམ་དུ་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན། ཏ་ཐུང་གྲོང་ཁྱེར་ཏང་ཨུ་དང་། དབྱང་ཀའོ་རྫོང་ཏང་ཨུའི་ལས་ཁུངས་སུ། ཚའེ་ཆི་ཡིས་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་ཚན་ལ་འཚམས་འདྲི་གནང་རྗེས། རིམ་པ་མི་འདྲ་བ་དང་སྡེ་ཁག ལས་ཁུངས་མི་འདྲ་བའི་དོན་དངོས་དང་ཟུང་འབྲེལ་སྒོས་མཛུབ་སྟོན་ལ་ཤུགས་བསྣན་ཏེ། གནད་དོན་དངོས་སུ་ཐག་གཅོད་པ་དང་གནད་དོན་དངོས་ཐག་གཅོད་པར་སྐུལ་འདེད་གཏོང་དགོས།
ཚའེ་ཆི་ཡིས་བཞུགས་མོལ་སྤེལ་རེས་གནང་སྐབས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ད་ལོའི་ཏང་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཡིན། སློབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་རྒྱུན་མཐུད་ངང་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་ས་གནས་བྱ་བ་སྒྲུབ་སྐབས་ཀྱི་སྲིད་འབྲས་ལྟ་བ་ཡང་དག་རྒྱུན་འཁྱོངས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་གཞིའི“མེ་ལོང་གཉིས”ཡག་པོ་སྤྱད་དེ། མིག་ལྟོས་ཡར་འདྲེན་དང་རང་སྐྱོན་རང་བརྟག་བྱས་ཏེ་ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་གཏོང་དགོས། ཁྱོན་ཡོངས་ནས་གནད་དོན་བཤེར་འདོན་བྱས་ཏེ། མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་གནད་དོན་མ་ནོར་བར་ཞིབ་ཕྲ་སྒོས་འཚོལ་བ་དང་། མི་དང་དོན་དང་བསམ་བློ་བཅས་མཐོང་ཐུབ་པ་བྱས་ནས། གོང་རིམ་བྱ་བའི་ཆེད་ཚན་གྱིས་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོར་ཤུགས་སྣོན་དགོས། འཛེམ་མེད་དམར་འདོན་གྱིས་དག་ཐེར་དངོས་བྱེད་པ། གནད་དོན་གང་ཞིག་ཡོད་ན་གནད་དོན་དེ་ཐག་གཅོད་བྱེད་པ་དང་། གནད་དོན་གང་ཞིག་འབུར་ཐོན་ཡིན་ན་གནད་དོན་དེ་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་དགོས། ཡང་དག་སྲིད་འབྲས་ལྟ་བའི་ནོར་འཛོལ་དང་ལས་འཛོལ་གྱི་འབུར་ཐོན་གནད་དོན་ཐད། རིམ་པ་སོ་སོས་དཔེ་མཚོན་དམ་འཛིན་བྱས་ནས་ད་ལྟ་སྒྲུབ་བཞིན་པ་དམ་འཛིན་དང་བརྡ་ཁྱབ་གཏོང་བ་བཅས་དམ་འཛིན་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་གྱོད་གཞིར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གནད་དོན་ཞིབ་བཤེར་དང་ལེགས་བཅོས་བྱེད་པའི་ཁྲོད་ནས་ལམ་ལུགས་ཀྱི་ཞན་ཆ་རྙེད་པར་དོ་སྣང་དང་། ཡང་དག་སྲིད་འབྲས་ལྟ་བའི་ནོར་འཛོལ་སྔོན་འགོག་དང་ཡོ་བསྲང་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མཛུབ་སྟོན་ཚན་ཆུང་གིས་དམིགས་འབེན་ལས་འགན་ལ་དམིགས་ནས་ལྟ་སྐུལ་མཛུབ་སྟོན་ཏན་ཏིག་བྱེད་དགོས། བརྗོད་དོན་གཅིག་ལ་ལན་མཉམ་དུ་འདེབས་པ་རྒྱུན་འཁྱོངས་བྱས་ནས་གནོན་ཤུགས་བརྒྱུད་འདྲེན་ནུས་ལྡན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་བྱེད་པོའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་དགོས། སློབ་སྦྱོང་སློབ་གསོ་དང་བྱ་བ་གཙོ་བོ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཡང་དག་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་རྩོམ་པའི་ལོར་བྱ་བ་སོ་སོར་འཕེལ་རིམ་གསར་པ་ལོན་པར་སྐུལ་འདེད་གཏོང་དགོས། །