གནད་བསྡུས། 详情

རང་ཁུལ་གྱིས2026ལོའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་མགོ་རྩོམ་མཛད་སྒོ་བསྡུས་པ།

ཟླ4པའི་ཚེས23ཉིན།རང་ཁུལ་གྱིས2026ལོའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་མགོ་རྩོམ་མཛད་སྒོ་དེ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས་ཤིང་། དཔེ་ཀློག་གི་སྲོལ་བཟང་རྒྱུན་འཛིན་བྱས་ནས། དུས་རབས་གསར་པར་སྙེག་པ་ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཅན་བཅུའི་ཏང་འཛུགས་ཁྲིད་སྟོན་དུ་བྱས་ནས་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་སྤེལ་བར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་མཚོ་ལྷོའི་ལེའུ་རྩོམ་པར་སྒུལ་ཤུགས་བསྣན་ཡོད།

སྔ་དྲོའི་དུས་ཚོད9དང་སྐར་མ30སྟེང་།འཁྲབ་སྟོན་བྱེད་མགོ་བརྩམས་པ་དང་། གནས་མཆོག་མཚོ་ལྷོ་དང་ཞི་མཐུན་གྱི་ཁྱིམ་གཞིས་ཞེས་པ་སོགས་ཞབས་བྲོས་མི་རིགས་མང་པོའི་རིག་གནས་མཉམ་འདྲེས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།དུས་ཚོད10ཡི་སྟེང་མགོ་རྩོམ་མཛད་སྒོ་དངོས་སུ་བསྡུས་ཤིང་། བྱེད་སྒོས2025ལོའི་ལོ་འཁོར་གྱི་དཔེ་ཀློག་ཁྱབ་གདལ་གྱི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དང་། 2025ལོའི་ལོ་འཁོར་གྱི་དཔེ་ཆ་ཀློག་མཁན་ལ་གཟེངས་བསྟོད་བྱས་པ་དང་། བྱ་དགའ་ཐོབ་མཁན་ལ་དཔང་ཡིག་དང་དྲན་གསོའི་བྱ་དགའ་གནང་ནས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཡོད།  

ཡུལ་དངོས་སུ་མཚོ་ལྷོ་ཁུལ་གྱི་དམངས་ཡོངས་ཀྱི་དཔེ་ཀློག་གི་གྲོས་མགོ་ཡི་གེ་ཞེས་པ་ཁྱབ་བསྒྲགས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དཔེ་ཆ་ཀློག་པ་དང་།དཔེ་ཀློག་ལ་དགའ་བའི་སྲོལ་བཟང་དར་སྤེལ་བྱ་དགོས་པའི་འབོད་སྐུལ་ཡང་བཏང་བ་རེད། རང་ཁུལ་གྱི་ཀློག་པ་པོས《ཞི་ཅིན་ཕིང་ཀྲེ་ཅང་དུ་བཞུགས་པ》དང་《ཁྲེ་རྒོད་དམར་པོ》《བྱ་ཞིག་གུམ་པའི་གཏམ་རྒྱུད》སོགས་དཔེ་ཀློག་གི་སྟོབས་ཤུགས་བརྒྱུད་སྤེལ་བྱས་པ་རེད། དེའི་འཕྲོར་མི་སྣ་གྲགས་ཅན་ཀུའོ་ཅན་ཆིང་དང་། འགྱུར་མེད་རྡོ་རྗེ། ལུང་རིན་ཆེན་སོགས་ཀྱིས་རང་ས་གནས་ཀྱི་རྩོམ་པ་པོ་དང་མཉམ་དུ་བགྲོ་གླེང་བྱས་ཏེ། དཔེ་ཀློག་ལ་བརྟེན་ནས་རོང་འབྲོག་ཁུལ་གྱི་བསམ་པའི་རིག་གནས་འཛུགས་སྐྱོང་དང་། མི་རིགས་ཀྱི་རིག་གནས་རྒྱུན་འཛིན། དཔེ་ཀློག་ཐོན་ཁུངས་གཞི་རིམ་དུ་སྐྱོད་པ་སོགས་ཀྱི་བརྗོད་གཞིར་དམིགས་ནས་བསམ་ཚུལ་བརྗེ་རེས་བྱས་པ་རེད།

ཐེངས་འདིའི་བྱེད་སྒོ་དེ་མཚོ་ལྷོ་ཁུལ་གྱི་ཁྱད་ཆོས་དང་མི་རིགས་མང་བའི་རིག་གནས་ཀྱི་དགེ་མཚན་ལ་གཞི་ཚུགས་ནས། ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་དང་བརྒྱུད་རིམ་ལྡན་པའི་ངང་ལོ་ཧྲིལ་པོར་དཔེ་ཀློག་ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་བྱས་ནས། དཔེ་དེབ་ལེགས་པོ་ཀློག་པ་དང་དཔེ་དེབ་ལ་བལྟ་མཁས་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་འབད་པས་བཏོད་དེ། དཔེ་ཀློག་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ་དང་འཇོན་ཐང་ཆེ་རུ་གཏོང་བ། མཉམ་ཤུགས་ཆགས་པར་བྱེད་པ་བཅས་བྱས་ནས་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།


热门新闻

热门图库

热门排行