གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱིས་ད་ལོར་དམངས་ཕན་ཟམ་པ60གསར་སྐྲུན་བྱ་རྒྱུ་རེད།

2026-04-23 16:28:35 来源: 作者:བུ་མོ་མཆོག 编辑:བུ་མོ་མཆོག

རང་ཚགས་པར་གྱི་འཕྲིན། ཟླ4ཚེས20ཉིན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། ད་ལོ་རང་ཁུལ་གྱིས་གཞུང་ལམ་མཐའ་འཁོར་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ། སྐྱེ་ཁམས་ཡུལ་སྐོར་གྱི་འགྲིམ་འགྲུལ་གཞུང་ལམ་འཛུགས་སྐྲུན་གཙིགས་སུ་འཛིན་པ།གཞུང་ལམ་གྱི་གནས་ཚུལ་ལ་ཞིབ་དཔྱད་ཚད་ལེན་བྱེད་པར་ཤུགས་རྒྱག་པ་བཅས་ཀྱི་བྱ་ཐབས་བརྒྱུད་དེ།གྲོང་གསེབ་ཀྱི་གཞུང་ལམ་ཤར་སྐྱོད་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་གཏང་ཆེད།ལོ་འདིའི་ནང་ལྕགས་སྒྲོམ་དམངས་ཕན་བདེ་འཇགས་ཟམ་པ60འཛུགས་སྐྲུན་བྱ་རྒྱུ་དང་།ཉེན་ཁ་ཡོད་པའི་ཟམ་པ16བསྐྱར་ལས་བྱེད་པ། སྤྱིའི་རིང་ཚད་ལ་སྤྱི་ལེ527ཡོད་པར་གློག་སྒྲོན་འགོད་པའི་ལས་གཞི2ལག་བསྟར་བྱ་རྒྱུ་རེད།

གཞུང་ལམ་མཐའ་འཁོར་གྱི་ཁོར་ཡུག་ལེགས་བཅོས་ལ་ཤུགས་བརྒྱབ་སྟེ།ཁོངས་གཏོགས་ཁུལ་གྱི་གཞུང་ལམ་གཡས་གཡོན་གཉིས་ལྗང་བསྒྱུར་གཏོང་བ་དང་ཁོར་ཡུག་བཅོས་སྒྲིག་བྱེད་པའི་བྱ་འགུལ་སྤེལ་ཏེ།ལོ་འདིའི་ནང་གྲོང་གསེབ་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ103ཡོད་པའི་གཞུང་ལམ14ཡི་མཐའ་འཁོར་དུ་མེ་ཏོག་དང་རྩྭ་འདེབས་པ།སྤྱིའི་རིང་ཚད་ལ་སྤྱི་ལེ178ཡོད་པའི་གཞུང་ལམ8ཀྱི་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་བྱེད་པ།སྤྱིའི་རིང་ཚད་ལ་སྤྱི་ལེ224ཡོད་པའི་གཞུང་ལམ7མཛེས་པའི་སྐྱེ་ཁམས་དཔེ་སྟོན་གཞུང་ལམ་དུ་བསྐྲུན་པ་བཅས་བྱས་ཏེ།གཞུང་ལམ་མཐའ་འཁོར་ལ་སྐྱེ་ཁམས་དང་མཛེས་ལྗོངས་ཀྱི་རྣམ་པ་མངོན་པའི་བདེ་འཇགས་ཀྱི་འགྲོ་སྐྱོད་ཁོར་ཡུག་ཅིག་བསྐྲུན་པ། མུ་མཐུད་དུ་དམངས་ཕན་བདེ་འཇགས་ཀྱི་འགྲིམ་འགྲུལ་གཞུང་ལམ་འཛུགས་སྐྲུན་བྱེད་པ། ཚད་ལྡན་གྱི་དམངས་ཕན་ཟམ་པ་འཛུགས་སྐྲུན་བྱེད་པར་ཤུགས་འདོན་པ།ཨར་ལས་མཐུན་སྦྱོར་གཅིག་གྱུར་འཆར་འགོད་བྱེད་པ། ཚད་ལྡན་ཅན་གྱི་བཟོ་སྐྲུན་ལག་བསྟར་དང་སྡེ་བ་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྦྲེལ་མཐུད་ཡག་པོ་བཅས་བྱས་ཏེ། བདེ་འཇགས་དང་སྟབས་བདེ་ཡིན་པའི་འགྲོ་སྐྱོད་ཁོར་ཡུག་ཅིག་ཧུར་ཐག་གིས་བསྐྲུན་རྒྱུ་དང་། དྭངས་གཙང་གི་རྨ་ཆུའི་ཡུལ་སྐོར་ཁུལ་དང་ས་ཁོངས་འཕེལ་རྒྱས་ཀྱི་གནས་གཏན་ཁེལ་བྱ་རྒྱུར་གཞི་བཙུགས་ནས་འགྲིམ་འགྲུལ་ཕྱོགས་ཀྱི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཏེ།མཚོ་སྔོན་པོའི་མཐའ་འཁོར་དང་དྭངས་གཙང་རྨ་ཆུའི་འགྲམ་རྒྱུད་སོགས་གཙོ་གནད་ས་ཁོངས་སུ་ཡུལ་སྐོར་བའི་མཛེས་ལྗོངས་ལམ་བུ་བསྐྲུན་པ།ལོ་འདིའི་ནངS307གཞུང་ལམ་གྱི་ཆབ་ཆ་ནས་མཚོ་སྔོན་པོའི151བར་གྱི་མཛེས་ལྗོངས་ཁུལ་བཅོས་སྒྲིག་བཟོ་སྐྲུན་གྱི་ལས་རིམ་གཉིས་པ་དང་། X304གཞུང་ལམ་གྱི་ཆབ་ཆ་གྲོང་རྡལ་ནས་ཨིར་སྟི་ཤང་བར་གྱི་གཞུང་ལམ་རྒྱ་སྐྱེད་པ་སོགས་གནད་འགག་གི་གཞུང་ལམ་བཟོ་སྐྲུན་མང་པོ་ཞིག་གི་མགོ་འཛུགས་པ། G310གཞུང་ལམ་གྱི་ཁྲི་ཀ་ནས་གུང་ཧོ་བར་གྱི་གཞུང་ལམ་འཛུགས་སྐྲུན་བཅས་ལ་ཧུར་ཐག་བརྩོན་ལེན་བྱ་རྒྱུ་དང་། མུ་མཐུད་དུ་མཚོ་བསྐོར་གཞུང་ལམ་དྲ་བ་ཆགས་པའི་ཕྱོགས་དམ་འཛིན་བྱས་ཏེ། སྐྱེ་ཁམས་ཅན་གྱི་ཡུལ་སྐོར་འགྲིམ་འགྲུལ་གཞུང་ལམ་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་།   ལམ་གྱི་གནས་ཚུལ་རྒྱུས་ལོན་བྱེད་པར་རང་འགུལ་ཅན་གྱི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་མང་དུ་སྤྱོད་པར་ཤུགས་བརྒྱབ་སྟེ།མྱུར་བཤེར་རླངས་འཁོར་དང་མི་མེད་གནམ་གྲུ། རིག་ནུས་ཚོར་ཆས་སོགས་རང་འགུལ་ཅན་གྱི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་བཀོལ་སྤྱོད་བྱས་ནས།གཞུང་ལམ་གྱི་གནས་ཚུལ་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་མྱུར་ཚད་དང་གནད་འཁེལ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་བ། དུས་མཚུངས་སུ།གྲོང་གསེབ་ཀྱི་གཞུང་ལམ་ལ་རང་འགུལ་ཅན་གྱི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་སྤྱོད་རྒྱུར་ཤུགས་བཏོན་ནས།ཆ་རྐྱེན་འཛོམས་པའི་གཞུང་ལམ་ལ་རང་འགུལ་ཅན་གྱི་ཞིབ་དཔྱད་ཚད་ལེན་སྒྲིས་ཆས་སྤྱོད་པ་མངོན་འགྱུར་འབྱུང་རྒྱུ་དང་།ཚན་རྩལ་གྱི་ཐབས་ཤེས་སྤྱད་ནས་གཞུང་ལམ་བདག་སྐྱོང་དོ་དམ་ལ་འདེགས་སྐྱོར་ནན་མོ་བྱས་ཏེ།གཞུང་ལམ་སྟེང་གི་བགྲོད་ལམ་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་རེད།


热门新闻

热门图库

热门排行