གནད་བསྡུས། 详情

དཔེ་ཀློག་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བདེན་དོན་སྐྱོང་བའི་སྙིང་སྟོབས་དར་སྤེལ་བྱེད་པ།

  དཔེ་ཀློག་ནི་མིའི་རིགས་ཀྱི་ཤེས་རིག་འཕེལ་བ་དང་བློ་གྲོས་རྒྱས་པ། ཀུན་སྤྱོད་སྐྱོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མི་རྣམས་ཀྱི་བསམ་བློའི་བློ་སྒོ་འབྱེད་ཐུབ་པར་མ་ཟད། བླ་ན་མེད་པའི་ཕུགས་བསམ་དང་བདེན་དོན་སྐྱོང་བའི་སྙིང་སྟོབས་དར་སྤེལ་དུ་གཏོང་ཐུབ། ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ན། ཁྱིམ་བརྒྱུད་དཔེ་ཀློག་ཅེས་པའི་ལོ་ངོ་སྟོང་གི་གནའ་བོའི་བསླབ་བྱ་ནས་དཔེ་ཀློག་སྤྱི་ཚོགས་ཞེས་པའི་དུས་རབས་ཀྱི་འཆར་འགོད་བར། དཔེ་ཀློག་ནི་དུས་ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱི་བསམ་བློའི་རྒྱགས་ཕྱེ་རུ་གྱུར་ཡོད། རྒྱུད་ན་ཡོན་ཏན་ཡོད་ན་རང་གི་འཇོན་ཐང་ངོམས་ཐུབ་ལ། དཔེ་ཀློག་གིས་མི་སྒེར་གྱི་མིག་རྒྱང་དང་བསམ་བློ་རྒྱ་བསྐྱེད་ཐུབ་པར་མ་ཟད། མི་རིགས་ཤིག་གི་བསམ་བློའི་སྙིང་སྟོབས་དེའང་དར་སྤེལ་དུ་གཏོང་ཐུབ།

མིག་སྔར་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་གྱི་སྐུལ་འདེད་འོག རང་རྒྱལ་གྱི་རྒྱལ་དམངས་ཀྱི་ཕྱོགས་བསྡུས་དཔེ་ཀློག་བྱེད་ཚད་མུ་མཐུད་དུ་མཐོ་རུ་བཏང་ཡོད་ལ། དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་བྱེད་པའི་སྲོལ་ཡིག་ཅེས་པ་ད་ལོའི་ཟླ2པར་དངོས་སུ་ལག་བསྟར་བྱས་ཤིང་། སྐུལ་ལྕག་བྱེད་པ་ནས་གཏིང་ཟབ་ཏུ་གཏོང་བའི་བར་དང་། དེ་ནས་ཁྲིམས་སྐྱོང་འགན་ལེན་གྱི་བར་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི་ལམ་ལུགས་ཉིན་རེ་བཞིན་འཐུས་སྒོ་ཇེ་ཚང་དུ་བཏང་། མ་འོངས་པར་རྒྱང་ལྟ་བྱེད་སྐབས། དུས་རབས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་བསྟུན་ནས་མང་ཚོགས་ཀྱི་དཔེ་ཀློག་གི་རེ་འདོད་བསྐངས་ཏེ། དཔེ་ཀློག་དེ་མི་དུང་ཕྱུར་མང་པོའི་འཚོ་བ་རོལ་སྟངས་ཤིག་ཏུ་འགྱུར་དགོས་ཤིང་། གྲོང་ཁྱེར་ཡོངས་སུ་དཔེ་ཀློག་གི་གོམས་སྲོལ་བཟང་བོ་ཞིག་ཆགས་སུ་བཅུག་ནས་ཀྲུང་ཧྭ་མི་རིགས་ཀྱི་དྲང་བདེན་སྐྱོང་བའི་བསམ་བློའི་སྙིང་སྟོབས་དར་སྤེལ་དུ་གཏོང་དགོས། སྔར་ལས་ལྷག་པའི་བསམ་བློའི་སྟོབས་ཤུགས་དང་རིག་གནས་ཀྱི་ཡིད་རྟོན་ལས་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་རྒྱང་བསྐྱོད་ལམ་བུར་གོམ་པ་བརྟན་པོས་བསྐྱོད་དགོས།


热门新闻

热门图库

热门排行