གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ཟི་ལིང་དུ་སྤེལ་བ།

2026-04-22 14:40:20 来源: 作者:པདྨ་མ་ཚེ་རིང་། 编辑:བུ་མོ་མཆོག

   

ཟླ4པའི་ཚེས20ཉིན། དཔེ་ཀློག་གི་ཞིང་ཁམས་ནས་ཕུན་ཚོགས་ཀྱི་དུས་རབས་མྱོང་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་དང་དཔེ་དེབ་འགྲེམ་སྟོན་བྱེད་སྒོ་དེ་ཟི་ལིང་གྲོང་ཁྱེར་ཞིན་ཉུན་ཐང་ཆེན་དུ་སྤེལ་མགོ་བརྩམས། མཚོ་ལྷོ་ཁུལ་གྱིས་རང་ས་གནས་ཀྱི་རིག་དངོས་བཟང་པོ་དང་ཕུལ་བྱུང་གི་དཔེ་ཀློག་གྲུབ་འབྲས་འགྲེམ་སྟོན་བྱས་ཏེ། ཟི་ལིང་གི་གྲོང་མི་རྣམས་ལ་དཔེ་ཀློག་བརྒྱུད་ནས་མཚོ་ལྷོའི་ཐུན་མོང་མ་ཡིན་པའི་རིག་གནས་ལ་ཉམས་ལེན་དང་རྒྱུས་ལོན་བྱེད་དུ་བཅུག

   བྱེད་སྒོའི་ཡུལ་དངོས་སུ་མཚོ་ལྷོ་ཁུལ་གྱིས་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཕཡུལ་བྱུང་ཡིག་རིས་བརྩམས་ཆོས་འགྲེམ་སྟོན་བྱས་པ་དང་། ཐེངས་འདིའི་འགྲེམ་སྟོན་སྟེང་། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགྲེམ་སྟོན་བརྩམས་ཆོས་ལེགས་འདེམས་ཞིབ་ཚགས་བྱས་ཏེ། རིམ་རྩིས་བྱས་ན་དཔེ་དེབ་སྣ་ཁ60ལྷག་ཙམ་འགྲེམ་སྟོན་བྱས་ནས་མཚོ་ལྷོ་ཁུལ་གྱི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་དམངས་ཡོངས་ཀྱི་དཔེ་ཀློག་གི་གཡུར་ཟའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས། དེའི་ཁྲོད་ས་གནས་ཀྱི་ཁྱད་ལྡན་དཔེ་སྐྲུན་དངོས་པོ་དང་ས་གནས་ཀྱི་མི་སྣ་གྲགས་ཅན་གྱི་གསུང་རྩོམ། དེ་མིན་ཤུལ་བཞག་རིག་གནས་དང་འབྲེལ་ཡོད་ཀྱི་དཔེ་དེབ་བཅས་ལས་མཚོ་ལྷོའི་མི་ཆོས་གཏམ་རྒྱུད་ལ་རྒྱུས་ལོན་བྱ་ཐུབ་པས། ཟི་ལིང་གི་གྲོང་མི་རྣམས་ཀྱིས་དཔེ་ཀློག་ལ་བརྟེན་ནས་མཚོ་ལྷོ་ཁུལ་གྱི་ཕུལ་བྱུང་རྩོམ་རིག་སྒྱུ་རྩལ་དང་རྫོང་མཐུག་པའི་རིག་གནས་མྱངས།

བཅར་འདྲི། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཧྲུའུ་ཁྲོན་ལན་གྱིས་བཤད་རྒྱུར། མཚོ་ལྷོ་ཁུལ་གྱི་འགྲེམ་ཁུལ་མཐོང་མ་ཐག་བལྟ་རུ་ཡོང་བ་ཡིན། དགའ་འོས་པ་ཞིག་ལ་རང་ཉིད་ཀྱི་ཡིག་རིས་བརྩམས་ཆོས་ཀྱང་འགྲེམ་སྟོན་བྱས་པའི་དཔེ་དེབ་ནང་བསྡུ་ལེན་བྱས་ཡོད་པ་རེད། ངས་སྔོན་ཆད་མཚོ་ལྷོ་ཁུལ་དུ་དགེ་རྒན་གྱི་འགན་ཁུར་ནས་ལོ་སུམ་ཅུ་འགོར་ཡོད་པས་མཚོ་ལྷོ་སྔ་མོ་ནས་རང་གི་ཕ་ཡུལ་གཉིས་པ་རུ་བརྩིས་ཡོད། ལས་རྐང་དང་ཁ་བྲལ་རུང་སེམས་ནས་ནམ་ཡང་བརྗེད་ཐབས་མེད། ད་ཐེངས་ཟི་ལིང་དུ་མཚོ་ལྷོ་ས་ཁུལ་གྱི་རྩོམ་རིག་དང་ཡིག་རིས་བརྩམས་ཆོས་མཐོང་སོང་བས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།

གཞུང་དངོས། བྱ་འགུལ་གྱི་ཡུལ་དངོས་སུ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད་ལ། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ལི་ཧུང་ཡུན་གྱིས་རང་ས་གནས་ཀྱི་རྩོམ་རིག་ལ་དགའ་མོས་བྱེད་མཁན་ཚོའི་དཔེ་དེབ་སྟེང་མིང་མཚན་བཀོད་དེ། ལྷིང་འཇགས་ཀྱི་འགྲེམ་སྟོན་ཁུལ་དེ་སྐད་ཅིག་ཉིད་དུ་འདུ་འཛི་ཆེ་བའི་རྩོམ་རིག་ལ་དགའ་མོས་བྱེད་མཁན་གྱི་ངོ་འཕྲད་ཚོགས་འདུ་ཞིག་ཏུ་གྱུར།

གཞུང་དངོས། རང་ས་གནས་ཀྱི་དཔེ་དེབ་རེ་རེ་དང་ཡིག་རིས་བརྩམས་ཆོས་རེ་རེ། ཁྱད་ལྡན་རིག་གནས་གསར་གཏོད་རེ་རེ་བཅས་ནི་མཚོ་ལྷོ་ཁུལ་གྱི་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན་པ་མ་ཟད། དེས་མཚོ་ལྷོ་ཁུལ་དང་ཟི་ལིང་གྲོང་མིའི་བར་ལ་རིག་གནས་འབྲེལ་འདྲིས་བྱེད་པའི་སྦྲེལ་ཟམ་ཞིག་ཀྱང་བསྐྲུན་པ་རེད། ཐེངས་འདིའི་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་དེས་སྔར་ལས་མི་མང་པོ་ཞིག་ལ་མཚོ་ལྷོ་ས་ཁུལ་གྱི་རིག་གནས་མྱོང་རོལ་བྱེད་དུ་བཅུག་པར་མ་ཟད། དཔེ་ཀློག་ལ་དགའ་བའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་ཞིག་ཀྱང་ཆགས་པར་བྱས་ནས། དཔེ་ཀློག་བྱ་རྒྱུ་དེ་གོམས་གཤིས་ཤིག་ཏུ་འགྱུར་བར་བྱས་པ་དང་། རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་མི་སེམས་སུ་འཇགས་པར་བྱས་ཏེ། དུས་རབས་གསར་པའི་རིག་གནས་འཛུགས་སྐྲུན་ལ་སྟོབས་ཤུགས་གསར་པ་བསྣན་ཡོད།


热门新闻

热门图库

热门排行