སྲིད་དོན། 详情

རང་ཁུལ་གྱིས་ལོག་ཆོས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།


 ཉེ་སྔོན།ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ། མཚོ་ལྷོ་ཁུལ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་ཀྲུང་ཞིན་ཧེ་རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིན་ཧེ་རྫོང་སྤྱི་བདེ་ཅུའུ། ཞིན་ཧེ་རྫོང་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་བྱས་པའི་ལོག་ཆོས་ཀྱི་བསླུ་བྲིད་ལ་ངོ་རྒོལ་དང་བསམ་བློའི་འགོག་སྲུང་བརྟན་པོར་གཏོང་བ་ཞེས་པ་བརྗོད་དོན་ཡིན་པའི་ལོག་ཆོས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་དེ་ཞིན་ཧེ་རྫོང་དུང་དཀར་ཐང་ཆེན་དུ་སྤེལ་ལ།དེ་མིན་གུང་ཧོ་དང་ཁྲི་ཀ ཀོས་ནན། ཐུན་ཏེ་རྫོང་བཅས་ཀྱིས་ཀྱང་དུས་མཉམ་དུ་དྲིལ་བསྒྲགས་བློ་འདྲིའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཚང་མས་ལོག་ཆོས་ལ་ངོ་རྒོལ་བྱེད་པའི་ཉེན་ཟོན་སློབ་གསོའི་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་དང་།ཚན་རིག་རང་བཞིན་དང་སྤྲོ་སྣང་རང་བཞིན། ཞུགས་ཚད་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ལོག་ཆོས་ལ་ངོ་རྒོལ་བྱེད་པའི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་མ་ཟད། དྲིལ་བསྒྲགས་དཔྱད་ཡིག་དང་།དྲིལ་བསྒྲགས་དངོས་རྫས། འཕྲེད་འགེལ་སྦྱར་ཡིག་འགེལ་བ།འགྲེམ་པང་བསྒྲིགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། ལོག་ཆོས་སྤེལ་བར་བཀག་འགོག་དང་ཚན་ཁྱབ་ཤེས་བྱ། གློག་འཕྲིན་དྲ་རྒྱའི་བསླུ་བྲིད་ལ་ངོ་རྒོལ་དང་། འཕྲོད་བསྟེན་བདེ་ཐང་སོགས་ཀྱི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་། ཁུལ་ཡོངས་ཀྱི་ས་གནས་སོ་སོས་ཀྱང་བཅའ་ཁྲིམས་བློ་འདྲི་ཐེངས150ལྷག་ཙམ་བྱས་པ་དང་། དྲིལ་བསྒྲགས་དཔྱད་ཡིག58000ལྷག་དང་དྲིལ་བསྒྲགས་ཡིག་རིགས43200། འགྲེམས་པང70ལྷག་དང་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག340ལྷག་བཀྲམས་པ་རེད། དུས་མཚུངས་སུ་ཕྱི་རོལ་གྱིLEDའཆར་ངོས་དང་། ཚན་ཁྱབ་རླངས་འཁོར་དང་གླ་གཏོང་རླངས་འཁོར།སྤྱི་སྤྱོད་རླངས་འཁོར་བཅས་ལ་བརྟེན་ནས་ལོག་ཆོས་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། ཁྱོན་བསྡོམས་རླངས་འཁོར45བྱ་འགུལ་ཁྲོད་ཞུགས་པ་དང་། རིམ་རྩིས་བྱས་ན་ལོག་ཆོས་ལ་ངོ་རྒོལ་བྱེད་པའི་འབྲེལ་ཡོད་བརྙན་རིས་ཐེངས730ལྷག་བསྟན་པས། མང་ཚོགས་ཀྱིས་ལོག་ཆོས་ལ་རྒྱུས་ལོན་དང་ངོ་རྒོལ་བྱེད་པའི་ངོས་ཟིན་མཐོ་རུ་བཏང་བ་དང་། ལོག་ཆོས་ལ་ངོ་རྒོལ་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་སྔར་བས་བཟང་བོ་བཏོད་ནས། ལོག་ཆོས་རྒྱ་ཡན་དུ་འགྲོ་བར་བཀག་འགོག་ནུས་ལྡན་བྱས་ཡོད།

热门新闻

热门图库

热门排行