གནད་བསྡུས། 详情

ཀོས་ནན་རྫོང་གིས་བྱེ་འགོག་བྱེ་བཅོས་ཀྱི་བྱ་བར་གྲ་སྒྲིག་གང་ལེགས་བྱས་པ།

   ཉེ་ཆར། ཀོས་ནན་རྫོང་གིས་དཔྱིད་དུས་ཀྱི་དུས་སྐབས་བཟང་བོ་དམ་འཛིན་བྱས་ཏེ2026ལོའི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བར་སྔ་མོ་ནས་གྲ་སྒྲིག་དང་སྐུལ་འདེད་བཏང་ནས། རྨ་ཆུའི་སྟོད་རྒྱུད་ལ་ལྗང་མདོག་སྐྱེ་ཁམས་ཀྱི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་པར་རྨང་གཞི་བཏིངས་ཡོད།

   ཀོས་ནན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡི་ལས་བྱེད་མི་སྣ་ཨན་ཀྲོའུ་ལོའུ་ཡིས་བཤད་རྒྱུར། ང་ཚོས་ལག་རྩལ་གྱི་ཚད་གཞི་ལྟར། ལས་ཀའི་འཆར་གཞི་ཞིབ་ཕྲ་བཟོས་ཏེ། དུས་ཚོད་དམ་འཛིན་སྒོས་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱས་ཤིང་། རྩྭའི་དྲ་མིག་ཅན་གྱི་ལག་རྩལ་དང་འདེབས་འཛུགས་གཉིས་ཟུང་འབྲེལ་བྱས་ན་བྱེ་འགོག་དང་སྐྱེ་ཁམས་མ་ལག་གི་ཕན་འབྲས་ཇེ་བརྟན་དུ་གཏོང་ཐུབ་ཟེར།

རྒྱུས་ལོན་པ་ལྟར་ན། ད་ལོའི་བྱེ་འགོག་བྱེད་བཅོས་ཀྱི་བྱ་བར་ཚན་རིག་དང་མཐུན་པའི་ལྗང་སྒྱུར་གྱི་ལྟ་བ་གཙོར་བཟུང་ནས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་སྐྱེ་ཁམས་མ་ལག་བཟང་བོ་ཞིག་བསྐྲུན་ཡོད། ས་གནས་འདིར་ཐན་པ་ཆེ་ལ་ཆར་ཆུ་ཉུང་བ། བྱེ་རླུང་ཅུང་ཆེ་བ་བཅས་ཀྱི་རང་བྱུང་གནོད་འཚེ་ལ་གཞིགས་ཏེ། རྩྭའི་དྲ་མིག་ཅན་གྱི་བྱེ་འགོག་ལག་རྩལ་ཁྱབ་གདལ་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། ཐན་སྐྱོན་དང་གྲང་ངར་ཐུབ་པའི་སྡོང་ཕྲུག་བདམས་ཡོད། མིག་སྔར། རྫོང་ཡོངས་སུ་ལྕང་སྡོང་རྐང་ཁྲི350དང་འབྲས་རྩྭ་ཏུན5766གསོག་འཇོག་བྱས་ཡོད་པས་སྡོང་འཛུགས་བྱ་བར་འགན་ལེན་ནུས་ལྡན་བྱས་ཡོད།   

热门新闻

热门图库

热门排行