ཝང་དབྱིས་ལའོ་ཝུའོ་ཡི་རྒྱུན་ལས་ཙུང་ལི་གཞོན་པ་ཧྲ་ལུན་སའེ་ལ་ཐུག་འཕྲད་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཚེས21པེ་ཅིན་དུ་ལའོ་ཝུའོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱི་ཆེད་མངག་ཕོ་ཉ་ཡིན་པའི་ངོས་ནས་ཆེད་དུ་འཚམས་འདྲིར་ཕེབས་པའི་ལའོ་ཝུའོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱུན་ལས་ཙུང་ལི་གཞོན་པ་ཧྲ་ལུན་སའེ་ལ་ཐུག་འཕྲད་གནང་།
ཝང་དབྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ། ཡུན་རིང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རང་སོ་སོའི་ཆབ་སྲིད་བདེ་འཇགས་དང་། སྲིད་དབང་བདེ་འཇགས། ལམ་ལུགས་བདེ་འཇགས་བཅས་སྲུང་སྐྱོང་བྱས་ཏེ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་དང་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ལ། ས་ཁུལ་ཀྱི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་རྒྱས་ཀྱི་ཆེད་དུ་བྱས་རྗེས་འཇོག་འདོད་ཡོད།
ཧྲ་ལུན་སའེ་ཡིས་བསྟན་དོན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ལོ་ཀྲུང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆུ་ཚད་སྔར་ལས་མཐོ་བའི་ལའོ་ཝུའོ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད། །