རྒྱལ་ནང་། 详情

2026ལོའི་ཟླ3པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཉམ་ལས3.5%འཕར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ4པའི་ཚེས20ཉིན་རྒྱལ་ཁབ་ནུས་ཁུངས་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཟླ3པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར8595ལ་སླེབས་པ་དང་། དུས་མཉམ་ལས3.5%འཕར་ཡོད།

ཐོན་ལས་ཀྱི་གློག་སྤྱོད་ཚད་ལ་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར113ཡིན་པ་དང་། དུས་མཉམ་ལས6.7%འཕར་ཡོད། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར5708ཡིན་པ་དང་། དུས་མཉམ་ལས2%འཕར་ཡོད། དེའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར5661ཡིན་པ་དང་། དུས་མཉམ་ལས2.3%འཕར་ཡོད། ལག་རྩལ་མཐོ་བ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར1054ཡིན་པ་དང་། དུས་མཉམ་ལས5.6%འཕར་ཡོད། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར1601ཡིན་པ་དང་། དུས་མཉམ་ལས7.7%འཕར་ཡོད། དེའི་ནང་གློག་གསོག་བརྗེ་ཞབས་ཞུའི་ལས་རིགས་དང་དྲ་སྦྲེལ་གྲངས་འཛིན་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར130ཡིན་པ་དང་། དུས་ཚོད་རེར་ཆན་ཝ་དུང་ཕྱུར80ལ་སླེབས་པ་དང་། འཕར་ཚད་སོ་སོར51.3%དང40.1%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་འཚོ་བའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར1172ལ་སླེབས་པ་དང་། དུས་མཉམ་ལས5.2%འཕར་ཡོད།

ཟླ1པོ་ནས་ཟླ3པའི་བར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་བསྡོམས་པས་དུས་ཚོད་རེར་ཆན་ཝ་དུང་ཕྱུར25141ལ་སླེབས་པ་དང་དུས་མཉམ་ལས5.2%འཕར་ཡོད། ཐོན་ལས་ཀྱི་གློག་སྤྱོད་ཚད་ལ་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར336ཡིན་པ་དང་། དུས་མཉམ་ལས7.1%འཕར་ཡོད། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར15987ཡིན་པ་དང་། དུས་མཉམ་ལས4.7%འཕར་ཡོད། དེའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར15836ཡིན་པ་དང་། དུས་མཉམ་ལས4.9%འཕར་ཡོད། ལག་རྩལ་མཐོ་བ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར2746ཡིན་པ་དང་། དུས་མཉམ་ལས8.6%འཕར་ཡོད། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར4833ལ་སླེབས་པ་དང་དུས་མཉམ་ལས8.1%འཕར་ཡོད། དེའི་ནང་གློག་གསོག་བརྗེ་ཞབས་ཞུའི་ལས་རིགས་དང་དྲ་སྦྲེལ་གྲངས་འཛིན་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར376དང229ཡིན་པ་དང་། འཕར་ཚད་སོ་སོར53.8%དང44%ལ་སླེབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་འཚོ་བའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར3985ལ་སླེབས་པ་དང་དུས་མཉམ་ལས3.4%འཕར་ཡོད། །


热门新闻

热门图库

热门排行