གནས་ཚུལ། 详情

ཀོས་ནན་རྫོང་གིས་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱས་པ།

2026-04-21 17:56:22 来源: 作者:པདྨ་ཚེ་རིང་། 编辑:

རང་ཚགས་པར་གྱི་འཕྲིན། ཉེ་སྔོན། ཀོས་ནན་རྫོང་མི་དམངས་སྨན་ཁང་གིས་སྤྱིའི་མ་དངུལ་སྒོར་ཁྲི160བཏང་བའི་མཐོ་གནོན་དབྱང་ཚང་གི་ལས་གཞིའི་སྒྲིག་ཆས་སྒྲིག་སྦྱོར་དང་ཞིབ་བཤེར་རྩིས་ལེན་སོགས་ཀྱི་བྱ་བ་སོ་སོ་ལེགས་འགྲུབ་བྱུང་ནས་དངོས་སུ་སྤྱོད་མགོ་བརྩམས་ཤིང་། དེས་ཀོས་ནན་རྫོང་མི་དམངས་སྨན་ཁང་གིས་ནད་གཞི་ལྕི་མོར་སྨན་བཅོས་དང་ཁམས་གསོ་སྨན་བཅོས་ཁྱབ་ཁོངས་སུ་གྲུབ་འབྲས་གསར་པ་བླངས་པ་མཚོན་ལ། རྫོང་ཁོངས་སུ་མཐོ་གནོན་དབྱང་ཚང་གི་བཅོས་ཐབས་ཞབས་ཞུ་མེད་པའི་སྟོང་ཆ་བསྐངས།

ཀོས་ནན་རྫོང་ཀོས་ནན་རྫོང་མི་དམངས་སྨན་ཁང་གིས་མཐོ་གནོན་དབྱང་ཚང་ཚད་ལྡན་དང་བདེ་འཇགས་ངང་སྤྱོད་ཐུབ་པར་ཁག་ཐེག་བྱེད་པ་དང་།སྨན་བཅོས་མི་སྣའི་ཆེད་ལས་ཀྱི་ལག་ལེན་དང་གསོ་བཅོས་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏང་ཆེད། ཆེད་དུ་རྐང་འཛིན་སྨན་བཅོས་མི་སྣ་ཧུའུ་ནན་དུ་མངགས་སྟེ་མཐོ་གནོན་དབྱང་ཚང་གི་སྒྲིག་ཆས་བཀོལ་སྤྱོད་ལག་ལེན་ཚད་ལྡན་དང་གསོ་བཅོས་བརྒྱུད་རིམ། བདེ་འཇགས་དོ་དམ་ལ་སོགས་པའི་ཐད་ནས་སློབ་སྦྱོང་བྱས་ནས། ལས་གཞི་བདེ་བླག་ངང་ལག་བསྟར་དང་ཕན་ནུས་ཆེ་བའི་སྒོ་ནས་སྤྱོད་ཐུབ་པར་ཆེད་ལས་ཀྱི་རྨང་གཞི་བརྟན་པོ་བཏིངས།

ཀོས་ནན་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཐེན་ཏུང་ཁྲོན་གྱིས་བཤད་རྒྱུར། མཐོ་གནོན་དབྱང་ཚང་ནི་ནད་ཐོག་ལག་ལེན་ཁྲོད་བེད་སྤྱོད་ཀྱི་ཁྱབ་རྒྱ་ཆེ་ལ། དེས་དབྱང་གཅིག་ཐཱན་རྫས་ཀྱི་ནད་དུག་ཕོག་པ་དང་། ཁྲག་ཤེད་དང་དབྱང་དབུགས་མི་འདིང་བའི་རང་བཞིན་གྱི་ཀླད་པའི་ནད། གློ་བུར་འོན་པ་སོགས་ཀྱི་ནད་གཞིར་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་ཡིན་པས་ནད་པར་ཁམས་གསོའི་ཐད་ཕན་ནུས་ལྡན་པའི་རོགས་འདེགས་བྱ་ཐུབ། ཐེངས་འདིའི་ལས་གཞི་སྤྱོད་མགོ་བརྩམས་པ་དེས་རང་རྫོང་གི་འབྲེལ་ཡོད་སྨན་བཅོས་ཞབས་ཞུའི་ཞན་ཆར་ཁ་གསབ་དང་འཕྲལ་བཅོས་མྱུར་སྐྱོབ། ཁམས་གསོའི་སྨན་བཅོས་བཅས་ཀྱི་མ་ལག་འཐུས་ཚང་དུ་བཏང་ཡོད་ཟེར། །


热门新闻

热门图库

热门排行