གནད་བསྡུས། 详情

ད་ལོར་རང་ཁུལ་གྱིས་འོས་འགན་སྡོང་ཕྲུག་རྐང་ཁྲི137འཛུགས་རྒྱུའི་འཆར་གཞི་ཡོད།

2026-04-21 10:54:08 来源: 作者: 编辑:文毛却

རང་ཚགས་པར་གྱི་འཕྲིནཟླ4པའི་ཚེས15ཉིན།མཚོ་ལྷོ་ཁུལ་གྱི2026ལོའི་རྒྱལ་ཁོངས་ལྗང་སྒྱུར་འོས་འགན་སྡོང་འཛུགས་ཀྱི་བྱ་འགུལ་དངོས་སུ་མགོ་བརྩམས་ཤིང་། ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་གནས་འདིར་ལྷན་དུ་འཛོམས་ནས།སྐོར་ཁག་བགོས་ཏེ་ས་དུང་བརྐོ་བ་དང་སྡོང་ཕྲུག་འཛུགས་པ། ཆུ་གཏོང་བ་སོགས་ཀྱི་ལས་ལ་བྲེལ་བཞིན་ནས།ལྗང་མདོག་མཚོ་ལྷོ་དང་སྐྱེ་ཁམས་མཚོ་ལྷོའི་འཛུགས་སྐྲུན་ལ་སྟོབས་ཤུགས་ཕུལ།

ད་ལོར།རང་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར2.39བཏང་སྟེ། རྩྭ་ཐང་སྐྱེ་ཁམས་སླར་གསོ་དང་བྲ་ནད་སྔོན་འགོག་ས་མུའུ་ཁྲི160.71། མིས་བཟོས་ནགས་སྐྲུན་ས་མུའུ་ཁྲི0.35དང་བྱེ་འགྱུར་ས་ཁུལ་གྱི་ནགས་གསར་སྐྲུན་ས་མུའུ་ཁྲི10.09བཅས་ལེགས་འགྲུབ་བྱ་རྩིས་ཡོད་ལ།འོས་འགན་སྡོང་འཛུགས་ནགས་སྐྲུན་གྱི་སྡོང་རྐང་ཁྲི137བཙུགས་ནས་མཁར་གྲོང་ལྗང་སྒྱུར་བཅོས་སྐྱོང་ས་མུའུ540ལེགས་འགྲུབ་བྱ་རྩིས་ཡོད། སྐྱེ་ཁམས་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གྱི་བྱེད་ཐབས་ལག་བསྟར་བྱས་ཏེ། གླ་སྟར་སྐྱེ་ཁམས་དཔལ་འབྱོར་ནགས་ས་མུའུ་ཁྲི0.35དང་རྩྭའི་ཐོན་ལས་དཔེ་སྟོན་རྟེན་གཞི་ས་མུའུ་ཁྲི1.2བསྐྲུན་པར་འཆར་འགོད་བྱས་ཏེ། མཛེས་པའི་མཚོ་ལྷོའི་ལྗང་མདོག་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

གུང་ཧོ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡི་བཟོ་སྐྲུན་པ་ལིའུ་ཧྥིན་ཉུན་གྱིས་བཤད་རྒྱུར། གུང་ཧོ་རྫོང་གི2026ལོའི་རྒྱལ་ཁོངས་ལྗང་སྒྱུར་ལས་འོས་འགན་སྡོང་འཛུགས་ཀྱི་རྒྱ་ཁྱོན་ལ་ས་མུའུ1685ཡོད་ལ།ང་ཚོས་རང་ས་གནས་ལ་འཚམ་པའི་གསོམ་སྡོང་དང་ཨ་གརསོགས་ཁྱོན་བསྡོམས་སྡོང་ཕྲུག་རྐང་ཁྲི15ཡོད་ལྷག་བདམས་ཡོད་ཟེར།

ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཚུན་ལ།མཚོ་ལྷོ་ཁུལ་གྱིས་དུས་ནམ་ཡང་སྐྱེ་ཁམས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར26.09བཏང་སྟེ། མིས་བཟོས་ནགས་སྐྲུན་ས་མུའུ་ཁྲི267.33དང་རྩྭ་ཐང་བཅོས་སྐྱོང་ས་མུའུ་ཁྲི735.35།ར་སྐོར་ནས་སྐྱེ་ཁམས་གསོ་སྐྱོང་ས་མུའུ་ཁྲི1110.84དང་བྱེ་འགྱུར་ས་ཁུལ་བཅོས་སྐྱོང་ས་མུའུ་ཁྲི200.63བཅས་ལེགས་འགྲུབ་བྱུང་ཞིང་། བསྟུད་མར་བཅོས་སྐྱོང་བྱས་པ་བརྒྱུད་དེ། ཁུལ་ཡོངས་ཀྱི་ས་རྒོད་ཅན་དང་བྱེ་འགྱུར་ཅན་གཉིས་ལ་ལེགས་བཅོས་ཆེན་པོ་བྱུང་ནས། བྱེ་ཁུལ་སྐྱེ་དངོས་ཀྱི་ཁེབས་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ནས། སྐྱེ་ཁམས་བདེ་འཇགས་ལ་རྨང་གཞི་བརྟན་པོ་བཏིངས། །


热门新闻

热门图库

热门排行