ལ་ཟེ་བ་གྲོང་རྡལ་གྱིས་ལྗང་འགྱུར་གྱི་ཁོར་ཡུག་བསྐྲུན་པར་ཤུགས་བསྣན་པ།

རང་ཚགས་པར་གྱི་འཕྲིན།ཉེ་སྔོན། ལ་ཟེ་བ་གྲོང་རྡལ་གྱིས་རྫོང་ཡོངས་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་སྟེ།འགྱུར་བ་བཅུའི་ཏང་འཛུགས་བྱ་བར་གྲུབ་འབྲས་བཟང་བོ་ཞིག་ལེན་ཆེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆུང་གི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ།སྡོང་འཛུགས་ལ་བརྟེན་ནས་སྔོ་ལྗང་གི་ཁོར་ཡུག་སྲུང་སྐྱོང་བྱེད་ཅེས་པ་བརྗོད་བྱ་ཡིན་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་གྲོང་རྡལ་ལྗང་སྒྱུར་བྱེད་པའི་བྱ་བར་ནུས་ཤུགས་ཡོད་རྒུས་བཏོན་པ་རེད།

ཐེངས་འདིར་སྡོང་ཕྲུག་རིགས200ལྷགབཙུགས་ནས་པར་མ་ཟད།གད་སྙིགས་གང་སར་སྤོང་ཡོད་པའི་གནད་ཐག་གཅོད་བྱས་ཏེ། གྲོང་རྡལ་གྱི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས། མང་ཚོགས་ལ་དག་ཞིང་གཙང་བའི་ཁོར་ཡུག་ཅིག་སྐྲུན་པ་རེད།