པར་རིས་གསར་འགྱུར།


ཟླ4པའི་ཚེས16ཉིན། ཐུན་ཏེ་རྫོང་འབའ་ལུང་ཤང་དེའི་རྒན་སྡེ་བའི་སྡེ་མི་རྟན་འགྲིན་རྡོ་རྗེ་བཟའ་མི་གཉིས་ཀྱིས་སྡེ་མི་ཚོ་དང་མཉམ་དུ་ས་ཞིང་ལ་འགྱིག་ཤོག་འདིང་བ། ཞོག་ཁོ་འདེབས་པ་བཅས་ཀྱི་ལས་ཀར་བྲེལ་ནས། ད་ལོའི་ཞོག་ཁོ་དང་གྲོ སྲན་མ་འདེབས་པར་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད། ས་ཞིང་ལ་འགྱིག་ཤོག་འདིང་བའི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱས་པ་ལས། ས་རྒྱུའི་བརླན་གཤིས་སྲུང་འཛིན་དང་དྲོད་ཚད་མཐོར་གཏོང་ཐུབ་པ་མ་ཟད། ལོ་གཅིག་གི་ལོ་ལེགས་ཐོན་པར་རྨང་གཞི་བརྟན་པོ་བཏིང་ཡོད།