པར་རིས་གསལ་བཤད། 详情

པར་རིས་གསར་འགྱུར།

2026-04-21 10:41:10 来源: 作者: 编辑:文毛却

ཟླ4ཚེས17ཉིན། གསར་འགོད་པ་ཐུན་ཏེ་རྫོང་དགོན་གོང་མ་གྲོང་རྡལ་ཝ་ཤར་སྡེ་བའི་ཝ་ཤར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་བཅར་འདྲིར་བསྐྱོད་སྐབས། མཉམ་ལས་ཁང་གི་ཁོངས་མི་ཚོས་ཞིང་ལས་འཕྲུལ་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཞིག་གསོ་བྱེད་ཀྱིན་འདུག སྒོར་ཁྲི200ལ་ཉེ་བའི་ཞིང་ལས་འཕྲུལ་ཆས་འདི་དག་ནི་སྲིད་གཞུང་གིས་གསེབ་གྲོང་དར་སྤེལ་ལ་རོགས་སྐྱོར་བྱེད་པར་ཉོ་སྒྲུབ་བྱས་པ་ཡིན་ལ། དེས་མཉམ་ལས་ཁང་གི་གཉེར་སྐྱོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཐོན་སྐྱེད་ཀྱི་ཕན་འབྲས་མཐོར་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་པ་དང་། ཞིང་ཕྱུགས་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བར་ཡང་རམ་འདེགས་གལ་ཆེན་ཐོན་ཡོད། རྒྱུས་ལོན་བྱས་པ་ལྟར་ན། 2025ལོར་མཉམ་ལས་ཁང་དེའི་ཡོང་འབབ་སྒོར་ཁྲི90ལོན་པ་དང་། སྡེ་མི་རྣམས་ལ་ཁེ་སྤོགས་བགོས་ནས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་བཟང་ཕྱིན་ཡོད།


热门新闻

热门图库

热门排行