པར་རིས་གསལ་བཤད། 详情

གཟིགས་དང་། འདི་ནི་གསེར་ཆེན་ཡིན།


   འདི་ནི་རྨ་ཆུ་སྔས་སུ་བྱས་པའི་མཁར་གྲོང་ཆུང་ཆུང་ཞིག་སྟེ། རྨ་ཆུ་སྔོན་མོ་གྲོག་རོང་ནང་ཀྱག་ཀྱོག་གིས་བཞུར་ནས་ཚལ་རྔ་འགག་ཏུ་འཁྱིལ་ཡོད། གནས་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེད། ཆ་སྙོམས་ཀྱི་མཚོ་འཕགས་སྨི3200ཡོད་ཅིང་། རྨ་ཆུའི་གཉུག་གཤིས་ཀྱི་རྣམ་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བྲིས་ལན་ཡང་གནས་འདི་རུ་ཉར་ཡོད།

   ཚལ་རྔ་འགག་གི་ཆུ་རགས་ཀྱི་མཐོ་ཚད་ལ་སྨི178ཡོད་ཅིང་། འཛུགས་སྐྲུན་པ་ཁྲི5ལྷག་གིས་སྐྱིན་ཐང་རྒོད་པའི་མཐོ་སྒང་འདི་རུ་ཇུས་འགོད་དང་བཟོ་སྐྲུན། འཛུགས་སྐྲུན་གྱི་ལས་ལ་གཞོལ་ཏེ་ལྗིད་ཏིག་ཏིག་གི་གྲུབ་འབྲས་འདི་ལྟ་བུ་ཞིག་བྱུང་། ཁོ་ཚོའི་རྔུལ་ཆུ་གྲོག་རོང་ལ་འཐིགས་ནས་ད་ལྟ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད་ཅིང་ཁོ་ཚོའི་བརྟན་སྲུང་གི་འདུ་ཤེས་དེ་རགས་ཆེན་སྟེང་བརྐོས་ནས་མི་རབས་ནས་མི་རབས་བར་དུས་བདེ་ཞོད་འཇགས་དང་སེམས་བདེ་བག་ཕེབས་སུ་གྱུར་འདུག

   བཏུལ་ཐང་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་ཤིང་། མཚོ་སྔོན་པོ་དང་བར་ཐག་སྤྱི་ལེ60ཙམ་ཡོད། དུས་རབས20པའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་རྨ་ཆུའི་སྟོད་རྒྱུད་ནི་བྱེ་རླུང་གི་གནོད་འཚེ་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན་པས། ལོ་རེར་ཟླ་བ་གཉིས་ཙམ་གྱི་དུས་ཡུན་ནང་རིམ་པ8ཡན་གྱི་རླུང་ཆེན་ལྡང་བ་དང་། བྱེ་ཟེགས་ཀྱིས་ལོ་རེར་སྨི་བཅུ་ལྷག་གི་འགྲོས་ཚད་ཀྱིས་ས་ཞིང་དང་རྩྭ་ཐང་ཁྱུར་མིད་བྱེད་བཞིན་ཡོད།

   ད་ལྟའི་བཏུལ་ཐང་ནི་སྣང་ཚུལ་གཞན་ཞིག་ཡིན་ཏེ། འོད་ཤུགས་པང་ལེབ་འོག་ཏུ་ལོ་རེར་སྔོ་རིགས་གསར་བ་སྐྱེ་བཞིན་ཡོད། སྔོ་ལྗང་གི་གསོམ་ཤིང་དང་སྦྱར་སྡོང་གཞུང་ལམ་གྱི་གཞོགས་གཉིས་སུ་ཁེབས་ཡོད། ལུག་གིས་འོད་ཤུགས་པང་ལེབ་འོག་ཏུ་རྩྭ་ཟ་བཞིན་བག་ཡངས་ཀྱིས་རྒྱུ་བཞིན་འདུག

2025ལོའི་ཟླ8པའི་ཚེས17ཉིན་སྤེལ་བའི་ཅང་ཤེས་ཡུལ་ཚོའི་རྟ་རྒྱུག

  འོད་ཤུགས་པང་ལེབ་ལས་གྲུབ་པའི་དངོས་ལུགས་འགོག་སྲུང་གིས་རླུང་འགྲོས་ཇེ་དལ་དང་ས་ངོས་ཆུའི་རླངས་འགྱུར་ཚད་ཇེ་ཉུང་དུ་བཏང་། གལ་ཏེ་ཁྱེད་རང་དབྱར་ཁར་བཏུལ་ཐང་གི་འོད་ཤུགས་གླིང་ཁུལ་དུ་སོང་ཚེ། འོད་ཤུགས་པང་ལེབ་འོག་གི་ས་རྒྱུ་མང་ཆེ་བ་རྩྭ་ལྗང་གིས་ཁེབས་ཡོད་པ་དང་། རླུང་བུ་འོད་ཤུགས་པང་ལེབ་ཀྱི་བར་གསེབ་ནས་ལྡང་ཚེ། སྔོན་ཆད་ཀྱི་བྱེ་ཟེགས་མེད་པར་རྩྭ་ལྗང་གི་དྲི་ཞིམ་དེ་འཐུལ་ཡོང་།

2025ལོའི་ཟླ6པའི་ཚེས12ཉིན་པར་བླངས་པའི་ཚལ་རྔ་འགག་གི་ཟུར་ཞིག

རྩྭ་ནི་ལོ་རེར་བྱེ་རླུང་གིས་བསླད་སྐྱོན་ཐེབས་པའི་བཏུལ་ཐང་ས་ཆར་མཚོན་ན་བྱེ་ཐང་གི་ཆུ་ལྟར་དུ་རྩ་ཆེ། ཁོར་ཡུག་ཇེ་ལེགས་སུ་སོང་རྗེས།བཏུལ་ཐང་དུ་རྩྭ་སྐྱེས་པ་ཇེ་མཐུག་ནས་ཇེ་མཐུག་ཡིན་ལ། པུས་མོ་ལས་བརྒལ་བའི་རྩྭ་ཡིས་འོད་ཤུགས་པང་ལེབ་སྟེང་དུ་ཉི་འོད་འཕྲོ་བ་བཀག་ནས་གློག་འདོན་པར་ཤུགས་རྐྱེན་ཐེབས་པ་དང་། སྟོན་དུས་དང་དགུན་ཁར་རྩྭ་སྐམ་པོར་ད་དུང་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་སྦས་ཡོད། སྔོན་ཆད་ས་གཞི་སྡུག་པ་དང་ཁོར་ཡུག་ཞན་པའི་དབང་གིས་འབྲོག་པ་མང་བོ་ཕ་ཡུལ་དང་ཁ་བྲལ་མོད། ད་ལྟ་དེ་ལས་ལྡོག་སྟེ་ཕྱིར་ལོག་ནས་ཕྱུགས་འཚོ་བཞིན་ཡོད།

2024ལོའི་ཟླ10པའི་ཚེས18ཉིན་ཚལ་རྔ་ཉ་ལས་མ་རྐང་ཚད་ཀུང་ཟིའི་ལས་བཟོ་པ་ལས་ལ་བྲེལ་བཞིན་པའི་ཚུལ།

2025ལོའི་ཟླ10པའི་ཚེས17ཉིན་པར་བླངས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆབ་ཆ་བྱེ་ཐང་ཡུལ་སྐོར་སྤྲོ་གསེང་སྡེ་བའི་མཐོ་སྒང་གི“ཉ་སྒྲོན་འོད་ཕྲན”།

  2024ལོའི་ཟླ12པའི་ཚེས17ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཀྲུང་ལུགས་སྨན་ཁང་གི་སྨན་པ་མུའུ་ལེན་ཚའེ་ཡིས་དྲ་ལམ་ནས་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སྨན་བཅོས་གྲོས་སྡུར་བྱེད་བཞིན་པའི་ཚུལ།

ཟླ་དང་པོའི་ཚེས16ཉིན། གསེར་ཆེན་གྲོང་མིའི་ཞབས་ཞུའི་ལྟེ་གནས་ཚོམས་ཆེན་དུ་ལས་བྱེད་མི་སྣས་མང་ཚོགས་ལ་ལས་དོན་སྒྲུབ་བཞིན་པའི་ཚུལ།

2024ལོའི་ཟླ10པའི་ཚེས18ཉིན་པར་བླངས་པའི་མཚོ་སྔོན་པོའི་རྣུ་ལྕེ་ལྗོངས་ཁུལ།


热门新闻

热门图库

热门排行