གཟིགས་དང་། འདི་ནི་ཁྲི་ཀ་ཡིན།
དཔྱིད་ཟླ་བཞི་པའི་བསིལ་རླུང་།
སྒོ་མེ་ལ་ཡི་རི་རྩེ་རྒྱུ་དུས།
རྨ་ཆུ་གྲོག་རོང་གི་ལྗོན་པ་ཁྲི་ཕྲག་རྨོངས་གཉིད་ལས་སད་པར་བྱས།
“མཐོ་སྒང་གི་འབྲི་ཆུའི་ལྷོ་རྒྱུད”ཅེས་པའི་གནའ་གྲོང་འདི།
སད་དང་ཁ་བ་ལྟར་སྣང་བའི།
གཡང་ཊི་ལྟ་བུའི་ལི་ཤིང་མེ་ཏོག་གི་དབུས་སུ།
ཞི་འཇམ་གྱི་མཛེས་ཉམས་བཏོད་ནས་འདུག

དཔྱིད་དུས་ཁྲི་ཀ་རྫོང་དུ་བསྐྱོད་ཚེ་ལི་ཤིང་མེ་ཏོག་རབ་ཏུ་བཞད་ཅིང་དྲི་ཞིམ་ཕྱོགས་བཞིར་འཐུལ།
གནམ་འོག་གི་རྨ་ཆུ་ཁྲི་ཀའི་ཡུལ་དུ་དྭངས།
ལི་ཤིང་མེ་ཏོག་མཛེས་ལ་རིག་གནས་ལོ་རྒྱུས་རིང་།
གནས་འདི་ནི་ཁྲི་ཀ་ཡིན།
དྭངས་གཙང་ཆུ་བོས་མཐོ་སྒང་གི་སྙན་ངག་བརྩམས།
མི་རྣམས་ཀྱི་སེམས་ཁོང་གི་རྨ་ཆུ་དེ་ནི།
“ཁུགས་སོ་དགུ་ཡི་རྨ་ཆུ་བྱེ་མས་བརྒྱན”ཟེར་བའི་རྔམ་བརྗིད་དང་།
དྲག་ཏུ་འཕྱུར་ཞིང་ངར་སྐད་སྒྲོག་པའི་འབྲུག་སེར་པོ་ཞིག་དང་མཚུངས།
ཡིན་ཡང་ཁྲི་ཀ་ནས།
རྨ་ཆུ་མི་རྣམས་ཀྱི་ཤེས་རྟོགས་ལས་བརྒལ་བའི་རྣམ་པས་ལྷིང་འཇགས་སུ་བཞུར།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་ནས་པར་བླངས་པའི་རྨ་ཆུ།
ཆུ་བོ་དྭངས་པས་གཏིང་མཐོང་པ་དང་།
གཡུ་མདོག་དང་ལྗང་མདོག་མཉམ་དུ་འདྲེས་པས་ཞི་འཇམ་ངང་གནས།
མཐོ་སྒང་གི་ཉི་འོད་འོག་ཏུ་དར་གོས་བཞིན་གྱི་འོད་འཕྲོ་བས།
ཆུ་ནང་གི་རྡོ་ཡང་མཐོང་ཐུབ་ལ། ཆུ་རྩྭ་རླབས་ཕྲན་དང་བསྟུན་ནས་ཞབས་བྲོ་འཁྲབ།
སྐབས་རེར་ཉ་མོ་ཡིས་འགྲམ་རྒྱུད་ཀྱི་བྲག་དམར་དང་གནམ་སྔོན་པའི་ལྡོག་གཟུགས་དཀྲུགས།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་ནས་པར་བླངས་པའི་རྨ་ཆུའི་མཛེས་ཉམས།
བྲག་དམར་པོ་ནི་མེ་ལྕེ་རབ་ཏུ་འབར་བ་དང་མཚུངས།
གཡུ་མདོག་གི་ཆུ་བོ་དྭངས་གཙང་གིས་བཞུར།
ཕན་ཚུན་གཅིག་གིས་གཅིག་ལ་བརྒྱན་པས།
མིག་ལ་ཤིན་ཏུ་སྡུག
ཀྲུང་ཧྭའི་རིག་གནས་གསོ་སྐྱོང་བྱེད་བཞིན་པའི་མ་ཡུམ་ཆུ་བོ་དེ།
ཁྲི་ཀ་ནས་ས་རྡུལ་ཡོད་ཚད་དོར་ནས།
དྭངས་གཙང་རང་བཞིན་མངོན།
མདོ་དབུས་མཐོ་སྒང་གི་ཆེས་སེམས་འགུལ་ཐེབས་པའི་སྐྱེ་ཁམས་ངོ་མཚར་མཛེས་ལྗོངས་སུ་གྲུབ།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་ནས་པར་བླངས་པའི་བྲག་དམར་གྱི་རྣམ་པ།
ཆུ་བོ་དེ་གཏན་སྲུང་བྱ་རྒྱུ་ནི།
ཁྲི་ཀའི་མི་ཡི་རུས་པའི་ནང་དུ་ཟུག་པའི་འགན་འཁྲི་ཡིན།
རྒྱུན་རྣམ་ཅན་གྱི་ཆུ་ལམ་གཙང་སེལ་ནས།
བྱེ་བྲག་ཅན་གྱི་སྐྱེ་ཁམས་སླར་གསོ།
སྤྱིར་བཏང་མང་ཚོགས་ཀྱིས་རང་འགུལ་སྒོས་སྲུང་སྐྱོབ་ནས།
རྫོང་གི་གོང་འོག་ཐམས་ཅད་མཉམ་སྤྱོད།
ཁྲི་ཀ་ཡིས་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་འགུལ་སྐྱོད་ཀྱིས།
“རྨ་ཆུ་ནི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཆུ་བོ་རུ་བསྒྱུར”བའི་ཁས་ལེན་ལག་བསྟར་བྱས།
དྭངས་གཙང་གི་རྨ་ཆུ་དེ་ནི་མཛེས་ལྗོངས་ཞིག་ཡིན་པ་མ་ཟད།
ཁྲི་ཀ་ཡིས་དུས་རབས་ལ་ལེགས་སྐྱེས་སུ་ཕུལ་བའི་སྐྱེ་ཁམས་ཀྱི་རྒྱུགས་གཞི་ཡིན།
ལི་ཤིང་མེ་ཏོག་གིས་རིག་གནས་ལོ་རྒྱུས་རིང་མོ་བརྒྱན།
ཁ་བ་ལྟར་མཛེས་པའི་ལི་ཤིང་མེ་ཏོག་ནི་ཁྲི་ཀའི་དཔྱིད་དུས་ཀྱི་མཛེས་བ་ཡིན།
སྐབས་དང་པོའི་ལི་ཤིང་མེ་ཏོག་སྒྱུ་རྩལ་དུས་ཆེན་སྤེལ་བ་ནས།
སྐབས་ཉི་ཤུ་པའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཚིགས་གཟབ་རྒྱས་ངང་མགོ་བརྩམས་པ།
ལོ་ངོ་ཉི་ཤུ་རིང་གི་དུས་ཚིགས་བརྗེས་པ་དང་།
ལི་ཤིང་མེ་ཏོག་ནི།
སྔ་མོ་ནས་མཐོང་སྣང་གི་གསོལ་སྟོན་ཞིག་ནས།
ལོ་རྒྱུས་དང་རིག་གནས།
ཕ་ཡུལ་གྱི་བརྩེ་བ་དང་སྦྲེལ་བའི་བསམ་པའི་འབྲེལ་ཐག་ཅིག་ཏུ་གྱུར།

ཟླ4བའི་ཚེས13ཉིན་པར་བླངས་པའི་ཁྲི་ཀ་རྫོང་གི་རབ་ཏུ་བཞད་པའི་ལི་ཤིང་མེ་ཏོག
“ལི་ཤིང་མེ་ཏོག་དུས་ཆེན”ནས“རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས”བར།
མིང་རྒྱ་བསྐྱེད་པ་དེ་ནི་རྣམ་པ་འགྱུར་བ་དང་ནང་དོན་གཏིང་ཟབ་་ཏུ་གྱུར་པ་མཚོན།
“མེ་ཏོག་རྐང་གཅིག”གིས་བསྐོར་ནས།
“ཆུ་བོ་གཅིག་གི་དགའ་སྤྲོ”རུ་འཕོ་འགྱུར་བྱུང་བ་མཚོན།
དེའི་རྒྱབ་ཕྱོགས་ནི་ཁྲི་ཀ་ཡིས་རྨ་ཆུ་རིག་གནས་རྩ་བར་བཟུང་སྟེ།
གཟུགས་འདས་རིག་གནས་སྔོག་འདོན་གཏིང་ཟབ་དང་།
རིག་གནས་དང་ཡུལ་སྐོར། སྐྱེ་ཁམས།
ལུས་རྩལ་ལ་སྐུལ་འདེད་བྱས་ནས་ཐོན་ལས་དང་གཏིང་ཟབ་མཉམ་འདྲེས་བྱས་པའི་ལག་ལེན་དངོས་ཡིན།
ཙོང་ཆུའི་རིག་གནས་འབྱུང་ཁུངས་གཙོ་བོ་ཡིན་པའི་ངོས་ནས།
ཁྲི་ཀ་ནི་མི་རིགས་མཉམ་གནས་མཉམ་དར་གྱི་ཁྱིམ་གཞིས22དང་།
གཟུགས་འདས་ལས་གཞི88སྐར་ཚོགས་བཞིན་རྒྱན་པའི་གནས་ཡིན།
ལས་གཞི་རེ་རེ་ནི་དུས་རབས་ཀྱིས་བརྐོས་པའི་རིག་གནས་གསང་ཡིག་ཡིན།
ཁྲི་ཀ་རྫོང་གི་མི་རིགས་སོ་སོ་མཉམ་དུ་འཛོམས་ནས་དམངས་སྲོལ་ལག་རྩག་ཐོན་རྫས་ངོམ་བཞིན་པའི་ཚུལ།
རྒྱལ་ཁབ་རིམ་པའི་གཟུགས་འདས“སྲང་གཞུག་རྩེད་རིག”དེ།
ཆུ་ནུབ་གྲོང་རྡལ་སྲང་གཞུག་ཞོལ་མ་ནས་ལོ་ངོ་བཞི་བརྒྱ་ལྷག་ལ་རྒྱུད་འཛིན་བྱས།
མི་རབས་བདུན་གྱིས་རྒྱུད་འཛིན་བྱས་པ་དང་།
ལོ་བདུན་བཅུར་ལོན་པའི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་ལྷ་མོ་ཡིས།
གནའ་བོའི་གླུ་གཞས་བླངས་ནས་མཐོ་སྒང་གི་ཕྱོགས་བཞིར་བསྐྱོད།
སྙན་ཞིང་འཇེབས་པའི་དབྱངས་རྟ་དང་སྟངས་སྟབས་དེ།
ལི་ཤིང་མེ་ཏོག་དང་བཅས་གར་སྟེགས་སྟེང་ནས་སྐྱེ་སྟོབས་འབར།

ད་ལྟ། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གྱི་རྩེད་རིག་གདན་ཞུ་འགྲན་བསྡུར་སྤེལ་བཞིན་ཡོད།
བྱ་འགུལ་དེས་སྒྱུ་རྩལ་དེ་རང་ཡུལ་ནས་ཕྱོགས་བཞིར་ཁྱབ།
རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན་ལྷ་མོ་ཡིས“སྲང་གཞུག་རྩེད་རིག”འཁྲབ་བཞིན་པའི་ཚུལ།
མཛུབ་རྩེའི་ཡོན་ཏན་ས་ཕྱོགས་གཞན་དུ་གྲགས།
གཟུགས་འདས་རྒྱུད་འཛིན་ཤོག་དྲས་འདྲ་གཟུགས་རྒྱུད་འཛིན་པ་དབྱང་ཁྲེང་ཅིན་གྱིས།
ཁེ་གྲི་སྨྱུ་གུ་རུ་བྱས་ནས།
ཤོག་དམར་ཐོག་ཕ་ཡུལ་གྱི་བརྩེ་བ་དང་ལོ་ཟླ་དྲས།
ཀ་པེད་རྐོ་བ་དང་གནའ་ཐབས་དངུལ་རྫས་བཟོ་བ། སྲོལ་རྒྱུན་ཤིང་བརྐོས་སོགས་ཀྱི་ལག་རྩལ།
དངོས་མང་བཤམས་སྟོན་ཁང་ནས་ཕྱིར་བསྐྱོད་དེ།
ཡུལ་སྐོར་པས་རེག་ཐུབ་པ་དང་ཚོར་ཐུབ་པའི་གསོན་རྣམ་རིག་གནས་སུ་གྱུར།
ལི་ཤིང་མེ་ཏོག་གི་དྲི་ཞིམ་ཁྲོད་གཟུགས་འདས་མངོན་པ།
སྐུ་མགྲོན་རེ་རེར།
ཁྲི་ཀའི་གཏིང་ཟབ་རིག་གནས་ཀྱི་རྩ་བར་རེག་ཏུ་བཅུག
ལྗང་ཕྱུག་མཉམ་དར་གྱིས་བདེ་སྐྱིད་ཀྱི་རི་མོ་འབྲི།
ལི་ཤིང་རྐང་གཅིག་གིས་སྐུ་མགྲོན་བསུས།
ཆུ་བོ་ཞིག་གིས་ཐོན་ལས་དར།
ལོ་ཉི་ཤུ་ལྷག་གི་འབད་བརྩོན་བརྒྱུད།
ཁྲི་ཀ་ཡིས་མེ་ཏོག་སྨྱན་སྦྱོར་དང་། རིག་གནས་སྲོག་ཤིང་། ཡུལ་སྐོར་གྱིས་ཐོན་ལས་དར།
སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཁྱད་ལྡན་ལམ་བུ་གཏོད།
སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན།

ཁྲི་ཀ་ཡིས“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་དཔེ་སྟོན་ཁུལ”གཏོད་དེ།
མུའུ་ཁྲི4.86སྔོ་ཚལ་རྟེན་གཞི་ལྗང་མདོག་གི་སྐྱེ་སྟོབས་འབར།
སྤྱིའི་ཐོན་ཚད་ཏུན་ཁྲི7.8ལ་སླེབས་པས་ཁུལ་ཡོངས་ཀྱི་བཅུ་ཆའི་དགུ་ཡན་ཟིན།
སྤྱི་རྒྱ་ཁྲི30ཡི་འཁྱགས་ཉར་སྔོ་ཚལ་ཞང་ཀང་དུ་སྐྱེལ།
མུའུ7000ལྷག་གི་སིལ་ཏོག་ལི་ཡིས་ཡལ་ག་གནན།
“རྨ་ཆུ་དྭངས”ཞེས་པའི་ཟོང་རྟགས་སྐོམ་ཆུའི་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི2400ལ་སླེབས།
ཞིང་བ་ཁྱིམ་ཚང2000ལྷག་གི་སྣེ་ཁྲིད་དེ་ཆ་སྙོམས་ཡོང་འབབ་སྒོར2.5འཕར།
ཁྲི་ཀ་རྫོང་གི་ཁམ་བུ་ར་བའི་ཚོང་གཉེར་མཁན་ཀྲུའུ་ལན་ཁྲན་གྱིས་ཁམ་བུ་སྟོན་བཞིན་པ།
ནུས་ཁུངས་གཙང་མའི་རྣམ་པ་མགྱོགས་མྱུར་ངང་གྲུབ།
འོད་ནུས་རླུང་གློག་ལས་གཞི་བརྟན་བརླིང་ངང་སྐུལ་འདེད་བྱས།
ལྗང་མདོག་བཟོ་ལས་ལ་འཕེལ་རྒྱས་འདུས་པ་དང་།
ནུས་ཟད་ཁོར་སྲུང་ཁེ་ལས35འཕེལ་རྒྱས་བྱུང་།

སྐྱེ་ཁམས་ཐོན་རྫས་རིན་ཐང(GEP)ཞིབ་རྩིས་སྒོར་དུང་ཕྱུར207ལ་སླེབས་པ་དང་།
“རུ་སྔོ་ཆུ་དྭངས”རིམ་བཞིན“གསེར་རི་དངུལ་རི”རུ་བསྒྱུར།
འཕེལ་རྒྱས་ཀྱི་དྲོད་ཁོལ་དེ་དམངས་འཚོ་རུ་སྦས་ཡོད་ལ།
དམངས་འཚོ་ཕྱིར་གཏོང་བརྟན་བརླིང་ངང75%སླེབས།
དམངས་འཚོའི་དོན་དངོས100ཚང་མ་མངོན་འགྱུར་བྱུང་།
མཐོ་སྒང་གི་རབ་མཛེས་གྲོང་གསེབ50རྣམ་པ་གསར་པ་གྲུབ།
གྲོང་རྡལ་གྱི་རྨང་གཞི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་གྱུར།
འཚོ་སྡོད་ཁོར་ཡུག་མངོན་གསལ་གྱིས་མཐོ་རུ་ཕྱིན།
སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་ཡོང་འབབ5.88%གྱི་ཟིན་པ་དང་།
རྒན་གསོ་ཞབས་ཞུ་སྒྲིག་བཀོད་ཁྱབ་ཚད73%ལ་སླེབས།
རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་ཐུན་མོང་དང་།
རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་སོགས་སུ་བདམས་པ་ནི།
ཁྲི་ཀ་རྫོང་གིས་སྤྲད་པའི་རྒྱུགས་གཞི་ལེགས་པོ་ཡིན།
ཁྲི་ཀ་རྫོང་ཁོངས་ཀྱི“ངང་དཀར་ཟམ་པ”།
ཐོག་མའི་བསམ་འདུན་མི་བརྗེད་པར་རྒྱང་སྐྱོད་ལམ་བུར་བསྐྱོད།
ལི་ཤིང་ཁ་བའི་མེ་ཏོག་འདི་ནས་བཞད།
རྨ་ཆུའི་འགྱུར་ཁུགས་རིང་མོ་འདི་རུ་དཀྲོལ།
ལི་ཤིང་མེ་ཏོག་བྱ་འགུལ་འདི་རུ་སྤེལ།
ཡུལ་སྐོར་མཉམ་འདྲེས་གསོལ་སྟོན་འདི་རུ་བཤམས།
རྨ་ཡུལ་ཁྲི་ཀས་ལོ་ངོ་ཉི་ཤུའི་རིང་བློ་བརྟན་འགྱུར་མེད་སྒོས་བརྟན་སྲུང་དང་གསར་སྐྲུན་གྱི་བགྱི་བ་ཁུར་དུ་བཞེས་ཏེ།
འཕོ་འགྱུར་གྱི་འབྲས་བཟང་འདི་ལྟ་བུ་ཞིག་བསྟབས་སོ། །
ཁྲི་ཀ་རྫོང་ཁོངས་སུ་ཡོད་པའི་དྭངས་གཙང་རྨ་ཆུའིAAAAརིམ་པའི་ལྗོངས་ཁུལ།

གནས་འདི་རུ།
གཟུགས་འདས་ནི་འདས་ཟིན་པའི་ཕྱིར་དྲན་ཞིག་མིན་པར།
འཚོ་བ་དངོས་ནང་འདྲེས་པའི་གསོན་ཉམས་ཀྱི་རོལ་མྱོང་ཡིན།
ཡུལ་སྐོར་ནི་དུས་ཐུང་གི་གནས་སྐབས་ཀྱི་སྤྲོ་བ་ཞིག་མིན་པར།
འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐོན་ལས་ཞིག་ཡིན།
སྐྱེ་ཁམས་ནི་གཅིག་རྐྱང་གི་མཛེས་ལྗོངས་ཞིག་མིན་པར།
འཕེལ་རྒྱས་ཀྱི་རྒྱུན་མཐུད་པའི་རྨང་གཞི་བརྟན་པོ་ཡིན།
མངག་བཅོལ་ཡིད་ལ་བཅངས་ཏེ་དྲིན་ཤེས་ཀྱིས་མདུན་དུ་བསྐྱོད།

རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྔམ་བརྗིད་བགྲོད་ལམ་ནང་།
ཁྲི་ཀའི་མི་རིགས་སོ་སོ་ཡིས།
དད་སེམས་བརྟན་པོ་དང་དངོས་གཉེར་ཁག་ཁུར་གྱིས།
དྭངས་གཙང་རྨ་ཆུ་སྲུང་ཞིང་ལོ་ངོ་སྟོང་ཕྲག་གི་རིག་གནས་ཀྱི་རྩ་བ་སྲུང་སྟེ།
“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”གསོན་ཉམས་ལྡན་པའི་དཔེ་དབྱིབས་འབྲི་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མངའ་ཁོངས་ཀྱི་རྨ་ཆུའི་མཛེས་ཉམས།

གནས་འདི་ནི་ཁྲི་ཀ་ཡིན།
རྨ་ཆུ་དྭངས་ཤིང་ལི་ཤིང་ལ་དྲི་ཞིམ་འཐུལ།
གཟུགས་འདས་དར་ཞིང་ཐོན་ལས་དར།
ཆུ་བོ་དྭངས་མོས་ཐོག་མའི་འདུན་པ་མཚོན།
དཔྱིད་རླུང་དང་བཅས་བགྲོད་ལམ་གསར་བར་བསྐྱོད།
རྨ་ཆུ་འགྲམ་རྒྱུད་ཀྱི་མཐོ་སྒང་གི་གྲོང་ཁྱེར་འདིས།
ཆེས་མཛེས་པའི་རྣམ་པ་ཡིས།
དུས་རབས་གསར་བའི་རྦ་རླབས་ཁྲོད།
སྔར་ལས་ཚོན་མདངས་རྣམ་པར་བཀྲ།