གནད་བསྡུས། 详情

ཁུལ་ཨུའི་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས་པ།

2026-04-20 16:36:02 来源: 作者:བཀྲ་ཤིས་དོན་འགྲུབ། 编辑:文毛却

ཟླ4པའི་ཚེས17ཉིན། ཁུལ་ཨུའི་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཁུལ་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་དང་ཁག་གཅིག་ཅན་དྲུག  དམངས་ཕན་བྱ་སྤྱོད་ཁག་བདུན། མགོ་ཁྲིད་ཀྱིས་གྱོད་འགན་གཙང་ལེན་བྱས་ཏེ་ཡིག་བསྐུར་ངོ་གཏུག་གི་དཀའ་གནད་སེལ་བ་བཅས་དོན་འཁྱོལ་བྱས་ཚུལ་ལ་ཉན་ཏེ། དུས་རིམ་རྗེས་མའི་གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས། ཁུལ་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཁུལ་ཨུའི་ཧྲུའུ་ཅིའམཁུལ་ཨུའི་ཏང་འཛུགས་བྱ་བའིགོ་ཁྲིད་ཚ་ཆུང་གི་མགོ་གཙོ་ཞུང་ཡོན་ལའེ་ཡིས་ཚོགས་འདུམགོ་འཛིན་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་སྟེངཁུལ་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་བྱ་བའི་ཐད་བླངས་པའི་དུས་རིམ་རང་བཞིན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཁོསསྤྱིའི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ།  དངོས་འཛིན་དངོས་སྒྲུབབཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའིཐད་མུ་མཐུད་དུ་ཤུགས་སྣོན་པ་དང་། བཤེར་འདོན་གཏིང་ཟབ་བྱེད་པའི་ཐད་གདོང་གཏོད་ཐུབ་པ། བཅོས་སྒྲིག་བྱེད་པའིཐད་དངོས་ཕན་དོན་གཉེར་བྱེད་པ། སྒྲིག་སྲོལ་འཛུགས་པའིཐད་བྱས་རྗེས་ཡུན་རིང་འཇོག་པ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་བྱེད་པའི་སྒུལ་ཤུགས་སུ་འགྱུར་བ་བྱ་དགོས་ཞེས་བསྟན།

 ཚོགས་འདུ་ལསཁག་གཅིག་ཅན་དྲུག་དང་དམངས་ཕན་བྱ་སྤྱོད་ཁག་བདུན་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། རིགས་དབྱེ་ཁྲིད་སྟོན་དང་། གནད་འཁེལ་ཤུགས་འདོན་མཐའ་འཁྱོངས་དང་། སྐུལ་འདེད་ཀྱི་ཇུས་གཞི་བཟོ་བ། འཕེལ་རིམ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་བཙུགས་ཏེ། གཙོ་གནད་ལས་འགན་ཁག་ལ་གཞོགས་འདེགས་ངང་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་ངང་ནུས་ཤུགས་བཏོན་ནས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་རང་འགུལ་ངང་སེལ་བ་དང་འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། དུས་རབས་གསར་པའིཧྥེང་ཆའོ་ཡི་ཉམས་མྱོང་འཕེལ་རྒྱས་སུ་གཏོང་བ་དང་། གོ་ཁྲིད་ལས་བྱེད་པའི་གྱོད་འགན་གཙང་ལེན་བྱེད་པའི་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ། འཕར་གྲངས་ཚོད་འཛིན་ནུས་ལྡན་དང་། གསོག་འབོར་ཉུང་དུ་གཏོང་བ། འགྱུར་ཚད་འགོག་པ་བཅས་བྱས་ནས་བྱ་བ་ལེགས་སྒྲུབ་དང་མི་སེམས་མཐུན་པ། སེམས་ཁམས་ལེགས་པོ་ཡོང་བ་བཅས་བྱ་དགོས། རུལ་སུངས་ལ་རྡུང་རྡེག་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ཐག་གཅོད་བྱ་དགོས། གཅིག་ཤེས་ཀུན་གྲོལ་བཅས་ཀྱི་ལམ་ལུགས་ཆ་ཚང་ཞིག་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། དམངས་སེམས་དྲོ་བར་བྱ་རྒྱུ་འབུར་དུ་ཐོན་པ་དང་། བདེ་སྐྱིད་ཀྱི་ཐོབསྣང་མཐོ་རུ་གཏོང་བ། མང་ཚོགས་ཁག་ཅིག་གི་མྱོང་ཐུབ་པའི་དོན་དངོས་སྒྲུབ་སྟེ། ཕན་འབྲས་དེ་མང་ཚོགས་ཀྱིས་སྔ་མོ་ནས་མྱོང་ཐུབ་པར་བྱ་དགོས་ཞེས་ནན་གྱིས་བསྟན

 ཚོགས་འདུ་ལས་པ་རིམ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློའི་སྟེང་སྔར་ལས་གཅིག་གྱུར་ཡོང་བ་དང་། ཞིབ་བཤེར་ཡོ་བསྲང་སླར་ཡང་གཏིང་ཟབ་བྱེད་པ། དོན་འཁྱོལ་ཐད་སླར་ཡང་ཤུགས་སྣོན་པ་བཅས་བྱས་ཏེ། བྱ་བ་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་སྐུལ་འདེད་གཏོང་དགོས། བྱ་བའི་འགན་འཁྲི་ནན་འཛིནབྱེད་པ་དང་དུས་བཅད་ལྟར་ཞིབ་འཇུག་བཀོད་སྒྲིག  དུས་བཅད་ལྟར་བཀོད་གཏོང་སྐུལ་འདེད་དང་དུས་བཅད་ལྟར་ལྟ་སྐུལ་དོན་འཁྱོལ་བྱས་ཏེ། གོང་འོག་འབྲེལ་མཐུད་དང་། རིམ་པ་བཞིན་འགན་འཁུར་བ།རིམ་པ་བཞིན་དོན་འཁྱོལ་བཅས་ཀྱི་འགན་འཁྲིའི་མ་ལག་ཆགས་པ་བྱ་དགོས། ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། བྱ་བའི་ཁག་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྐུལ་འདེད་ཞིབ་བཤེར་བྱེད་ཤུགས་བཏང་སྟེ། བྱ་བའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། མཐུན་སྦྱོར་དམ་ཟབ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ།གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། སློབ་སྦྱོང་སློབ་གསོ་དང་ཁག་གཅིག་ཅན་དྲུག  དམངས་ཕན་བྱ་སྤྱོད་ཁག་བདུནདེ་ཞིང་ཕྱུགས་ལས་ཐོན་སྐྱེད་དང་། བཟོ་ལས་འཁོར་སྐྱོད། ལས་གཞི་འཛུགས་སྐྲུན། སྐོར་ཞིབ་རྩིས་བཤེར་གྱི་ལྡོག་ལན་གནད་དོན་དག་ཐེར་ཡོ་བསྲང་སོགས་ཀྱི་བྱ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཕྱོགས་གཉིས་དམ་འཛིན་དང་། ཕྱོགས་གཉིས་འཐུས་ཤོར་དུ་མི་གཏོང་བ། ཕྱོགས་གཉིས་སྐུལ་སྤེལ་བཅས་བྱེད་ཐུབ་པ་དང་། ཏང་འཛུགས་སྐྱོང་གིས་བྱ་བའི་ཁག་ལ་ཁྲིད་སྟོན་བྱས་ཏེ། ཏང་འཛུགས་སྐྱོང་གི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་སྒྱུར་བ་དང་།ཏང་འཛུགས་སྐྱོང་གི་གསོན་ཤུགས་དེ་འཕེལ་རྒྱས་ཀྱི་གསོན་ཤུགས་སུ་སྒྱུར་བར་བྱ་དགོས་པའི་བླང་བྱ་བཏོན་ཡོད

热门新闻

热门图库

热门排行