རང་ཁུལ་གྱིས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྒུལ་ཤུགས་གསར་བ་བསྩལ།
ད་ལོའི་ཚུན་ལ། མཚོ་ལྷོ་ཁུལ་གྱིས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི"1+5+9"ཡི་བྱ་བའི་བྱེད་ཐབས་དམ་པོར་བཟུང་སྟེ། སྡེ་བ426གི་ཏང་རྩ་འཛུགས་དེ་གཞི་རིམ་བཅོས་སྐྱོང་བྱེད་པའི་རྐང་འཛིན་དུ་བཟུང་ནས། མང་ཚོགས་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་འདེད་བཏང་། ཁྲི་ཀའི་ཞིང་ལས་ས་ཁུལ་དང་ཤང་གྲོང་དུ་ལས་བྱེད་མང་ཚོགས་ཡོངས་ཀྱིས་དམངས་ཚིས་ཀྱི་དོན་དངོས་རེ་རེ་བཞིན་ལག་ལེན་དུ་བསྟར་ནས་ཕན་འབྲས་དངོས་ཐོན་པར་བྱས་ཡོད།
ད་སྐབས་ནི་དཔྱིད་རྨོད་གྲ་སྒྲིག་གི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། ཁྲི་ཀ་རྫོང་ཀ་རིང་ཤང་སྔོ་བརྒྱ་སྡེ་བར་ཞིང་ལས་འཕྲུལ་ཆས་དང་མང་ཚོགས་ཕན་ཚུན་མཉམ་ལས་ལ་བརྟེན་ནས་ས་ཁོད་བདེ་སྙོམས་སོགས་ཆུ་རྐ་ཞིག་གསོ་བྱེད་པའི་ལས་ཀར་བྲེལ་བཞིན་ཡོད། སྔོན་ཆད་ཆུ་རྐ་ཞིག་རལ་དུ་གྱུར་ནས་མང་ཚོགས་ཀྱིས་ཞིང་ཆུ་གཏོང་བར་སྟབས་བདེ་མིན་ལ། ད་སྐབས་སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གི་ཁོངས་མི8རང་འགུལ་ངང་ལས་གཞི་འཛུགས་སྐྲུན་གྱི་ལས་ཀར་ཞུགས།
བཅར་འདྲི། ཁྲི་ཀ་རྫོང་སྔོ་བརྒྱ་སྡེ་བའི་ཐོན་སྐྱེད་ཚན་ཆུང་གི་ཁོངས་མི་ནམ་མཁའ། བོད་སྐད།
ཆུ་རྐའི་ལས་གཞི་ལེགས་འགྲུབ་བྱུང་རྗེས། ཞིང་ཆུ་འདྲེན་པར་སྟབས་བདེ་གང་ལེགས་བསྐྲུན་ཐུབ་པར་མ་ཟད། ཏང་འཛུགས་སྣེ་ཁྲིད་དང་ལས་བྱེད་མང་ཚོགས་ཀྱིས་དར་སྤེལ་གཏོང་བར་འབད་འབུངས་བྱེད་པ་དང་། མཚོ་ལྷོ་ཁུལ་གྱི་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་གྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་དུ་སྡོང་འཛུགས་ནགས་སྐྲུན་གྱི་གདོང་ལེན་ནུས་པ་འདོན་སྤེལ་བྱས་ཏེ། ཏང་གི་རྗེས་སུ་འབྲངས་ནས་ཐོག་མའི་བསམ་འདུན་མངོན་འགྱུར་བྱེད་ཅེས་པ་བརྗོད་དོན་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་མང་པོ་སྤེལ་བཞིན་ཡོད་ལ། ཏང་ཡོན་ལས་བྱེད་པ་དང་སྡེ་སྡོད་ལས་བྱེད་པ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སོགས་ཀྱིས་ས་དུང་བརྐོ་བ་དང་སྡོང་ཕྲུག་འཛུགས་པ་སོགས་ཀྱི་ལས་རིམ་རེ་རེ་ཞིབ་ཚགས་ཀྱིས་བསྒྲུབས་ཏེ། གསོམ་སྡོང་དང་ཨ་གར་རྐང120གཞུང་ལམ་གཡས་གཡོན་དུ་བཙུགས་ནས། དཔྱིད་དུས་ཀྱི་ལ་ཟེ་བ་གྲོང་བརྡལ་ལ་གསོན་ཤུགས་གསར་བ་བསྩལ།
ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ལི་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་བྱ་བ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད། ལ་ཟེ་བ་གྲོང་བརྡལ་ཏང་ཨུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་ཁག་གི་ཁོངས་མིའི་བརྩོན་སེམས་ལ་སྐུལ་སློང་གང་ལེགས་བྱས་ཏེ། གྲོང་བརྡལ་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པ། སྡེ་སྡོད་ལས་བྱེད་པ། སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་རྩ་འཛུགས་བྱས་ནས་མཉམ་འབྲེལ་སྒོས་སྡོང་འཛུགས་ནགས་སྐྲུན་གྱི་གདོང་ལེན་ནུས་པ་འདོན་སྤེལ་བྱས་ཏེ། ཏང་གི་རྗེས་སུ་འབྲངས་ནས་ཐོག་མའི་བསམ་འདུན་མངོན་འགྱུར་བྱེད་ཅེས་པ་བརྗོད་དོན་གཙོ་བོ་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ནས། ཏང་ཡོན་ལས་བྱེད་པར་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་པར་སྣེ་ཁྲིད་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་གྲོང་བརྡལ་ལྗང་སྒྱུར་གྱི་བྱ་བ་སྤེལ་ནས། གཏན་སྡོད་ལ་འཚམ་པའི་ཁྱིམ་གཞིས་ཤིག་མཉམ་དུ་བསྐྲུན་པ་ཡིན་ཟེར།
སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་བ་བརྒྱུད། སྔོན་ཆད་སྐྱ་ཐིང་ངེར་ཡོད་པ་དེ་ད་ལྟ་ལྗང་ཏིག་གེར་སྒྱུར་ཡོད་བས་ལམ་འགྲམ་གྱི་ཚོང་གཉེར་བ་ཞིང་མེ་ཧྭ་ཡི་གདོང་ལ་འཛུམ་གྱིས་ཁེངས་འདུག དཔྱིད་དུས་སྡོང་ཕྲུག་རྐང་གཅིག་བཙུགས་ན། སྟོན་དུས་གྲིབ་བསིལ་མཉམ་རོལ་བྱ་ཐུབ། སྡོང་ཕྲུག་རེ་རེའི་སྐྱེ་སྟོབས་ལས་ཏང་ཡོན་ལས་བྱེད་པའི་དངོས་སྒྲུབ་ཀྱི་ཐོག་མའི་སེམས་འདུན་མཚོན་ཐུབ་པར་མ་ཟད། ཏང་འཛུགས་ཀྱི་ཁ་དོག་དམར་པོ་དང་སྐྱེ་ཁམས་ཀྱི་ཁ་དོག་ལྗང་ཁུ་ཡིས་ས་གཞིའི་སྟེང་བཀྲག་མདངས་གསར་བ་ཞིག་དེ་བས་ཀྱང་བསྣན་ཡོད།
ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་གྱི་ལམ་འགྲམ་ཚོང་བ་ཞིང་མེ་ཧྭ་ཡིས་བཤད་རྒྱུར། དེ་རིང་གནས་འདི་རུ་སྡོང་ཕྲུག་མང་པོ་བཙུགས་ཏེ། སྔོན་ཆད་ཀྱི་སྐྱ་ཐིང་ཐིང་གི་སྲང་ལམ་དེ་ལྗང་ཏིག་གེར་སྒྱུར་བས་ངོ་མས་བཟང་གི་ཟེར།
ཆུ་རྐ་གཞི་གསོ་ནས་ཤང་གྲོང་ལྗང་སྒྱུར་གྱི་བར། མཚོ་ལྷོ་ཁུལ་གྱིས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་དཀའ་ཁག་སེལ་བའི་གཙོ་གནད་དམ་དུ་བཟུང་སྟེ། མང་ཚོགས་ལམ་ཕྱོགས་དེ་ཏང་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། སྡེ་བ426གི་ཏང་རྩ་འཛུགས་ནི་སྲ་ཞིང་བརྟན་པའི་བཙན་རྫོང་ཞིག་དང་འདྲ་བར། མཉམ་བསྐྲུན་དང་མཉམ་བཅོས མཉམ་སྤྱོད་བཅས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་དམངས་ཚིས་དོན་དངོས་རེ་རེ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། གྲོང་གསེབ་དར་སྤེལ་དུ་གཏོང་བར་ཏང་དང་མང་ཚོགས་ཀྱི་བློ་སེམས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་བྱས་ཡོད།